གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་སྐྱོང་ལོ་༥ འི་ གཙོ་རིམ་ཅན་གྱི་གྲུབ་འབྲས་༥ མཐར་འཁྱོལ་བྱུང་ཡོདཔ།

༡༩/༤/༢༠༡༣  ༉ འབྲུག་ཕུན་སུམ་ཚོགས་པའི་ གཞུང་དེ་ འཕྲལ་མགྱོགས་ར་ རྩ་འགྲོལ་འགྱོ་ནི་ཨིནམ་བཞིན་དུ་ ཁ་ཙ་ བརྡ་བརྒྱུད་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་ཐེངས་༢༥ པ་ འཚོགས་པའི་སྐབས་ དམངས་གཙོའི་གཞུང་ འགོ་དང་པ་ དབུ་བརྙེས་ཏེ་ ལོ་༥ སོང་བའི་ཤུལ་ལུ་ ཁག་ཆེ་བའི་ གྲུབ་འབྲས་༥ གི་སྐོར་ལས་ བློན་ཆེན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ གསལ་བཤད་གནང་ཡི།


བློན་ཆེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ གྲུབ་འབྲས་གཙོ་ཅན་ ལེ་ཤ་ཅིག་ཡོད་པའི་གྲས་ལས་ དང་པ་ར་ རྒྱལ་ཁབ་ནང་ རྒྱལ་རབས་ཅན་གྱི་ དུས་སྟོན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ གསེར་ཁྲི་མངའ་གསོལ་དང་ རྒྱལ་བཙུན་ཁབ་ཏུ་བཞེས་པའི་ བཀྲིས་མངའ་གསོལ་ དེ་ལས་ ནིའུ་ཡོག་ལུ་ རྒྱལ་སྤྱི་དགའ་སྐྱིད་ཀྱི་ ཉིནམ་བརྩི་སྲུང་འབད་མི་༣ པོ་ཆ་ར་ འཐུས་ཤོར་ ག་ཅི་ཡང་མེད་པར་ འགོ་འདྲེན་འཐབ་ཚུགས་ཅི་ཟེར་ཨིན་པས།
གཉིས་པ་ རྒྱལ་ཁབ་ཀྱི་ཞི་བདེ་དང་ དགའ་སྐྱིད་ཚུ་ སྔར་ག་ཨིནམ་སྦེ་ འཕྲོ་མཐུད་དེ་ བསྟར་སྤྱོད་འབད་ཚུགས་མི་དེ་ ཨིན་ཟེར་ཨིནམ་ད་ གསུམ་པ་ མི་སེར་ཡོངས་ལུ་ དྲང་བདེན་དང་ འདྲ་མཉམ་གྱི་སྒོ་ལས་ དྲང་ཁྲིམས་བྱིན་ཚུགས་ཅི་ཟེར་ཨིན་པས།
བཞི་པ་ གཞུང་གི་གྲུབ་འབྲས་སྦོམ་ཤོས་ཅིག་ མཐའ་ཟུར་གྱི་ གཡུས་ཚན་ནང་སྡོད་མི་ ན་གཞོན་དང་ རྒྱལ་ཁབ་མཐའ་དབུས་མེད་པའི་ ན་གཞོན་ག་ར་ སློབ་གྲྭ་ནང་ ངེས་པར་དུ་ བཙུགས་དགོཔ་བཟོ་སྟེ་ སློབ་གྲྭ་ནང་ བཙུགས་ཅི་ཟེར་ཨིན་པས།
གྲུབ་འབྲས་༥ པ་དེ་ འབྲུག་རྒྱལ་ཁབ་དང་ རྒྱ་གར་རྒྱལ་ཁབ་༢ ཀྱི་ བར་ནའི་ མཐུན་ལམ་དེ་ སྔར་བ་ལྷགཔ་སྦེ་ གཞི་འགྱམ་སྒྲིང་སྒྲིང་བཟོ་སྟེ་ ཡོད་ཟེར་ཨིན་པས།
མ་གཞི་ དམངས་གཙོའི་གཞུང་འགོ་དང་པ་ དབུ་བརྙེས་ཞིནམ་ལས་ གྲུབ་འབྲས་ལེ་ཤ་ཅིག་ ཐོན་ཡི་ཟེར་ཨིནམ་ད་ དེ་ཚུ་ ཁ་གསལ་སྦེ་ རྒྱལ་ཁམས་ཀྱི་ སྙན་ཞུ་ཕུལ་མིའི་ནང་ཡོད་ཟེར་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ བཤད་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment