གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་རྩེའི་འདེམས་ངོ་གིས་ གཡུས་བཤལ་རྐྱབ་སྟེ་ བསྐུལ་བསྒྲགས་འབད་དོ་ཡོདཔ།

༡༩/༤/༢༠༡༣   ༉ སྐྱེས་ལོ་༤༠ ལང་མི་ གཱ་ནེཤི་ གི་མི་རེ་གིས་ འདེམས་ཁོངས་བསྐུལ་བསྒྲགས་འབད་བའི་སྐབས་ ཁོ་གིས་ མི་སེར་ཚུ་ལུ་ རྒྱལ་ཡོངས་ཚོགས་སྡེ་ཟེར་མིའི་ གོ་དོན་དང་ གནད་དོན་ག་ཅི་ཨིན་ན་ཚུ་སླབ་སྟེ་ གདོང་གཏོན་འགྱོ་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།
ག་ནེཤི་ གི་མི་རེ་གིས་ བསྐུལ་བསྒྲགས་འབད་བའི་བསྒང་།


བློ་འདོད་ཅན་ གཱ་ནིཤི་ གི་མི་རེ་དེ་ བསམ་རྩེ་རྒེད་འོག་ལས་ཨིནམ་ད་ ཁོ་གིས་ བསྐུལ་བསྒྲགས་ལས་རིམ་འགོ་དང་པ་དེ་ བཀྲིས་ཆོས་གླིང་རྒེད་འོག་ སྤུན་ཇུ་ལི་གཡུས་ཚན་ནང་ལས་ འགོ་བཙུགས་ཡོདཔ་ད་ ཁོ་ར་ ལོ་རྒས་རུང་ གཡུས་མི་ཚུ་གིས་ ངོ་མ་ཤེསཔ་ལས་ ཁོ་གིས་ རྒྱལ་ཡོངས་ཚོགས་སྡེའི་ནང་ འཛུལ་ཞུགས་འབད་དགོ་པའི་གནད་དོན་ཚུ་ སླབ་ཅི།
རྐང་སྟོང་སྦེ་ གཡུས་ཚན་གྱི་ སྒོ་བཤལ་ཡི་ར་ གོ་བ་བརྡ་སྤྲོད་དང་ ངོ་སྤྲོད་ དེ་ལས་ དམིགས་ཡུལ་ཚུ་གི་སྐོར་ལས་ བསྐུལ་བསྒྲགས་འབད་ཡི་ར་ འགྱོ་བའི་སྐབས་ལུ་ བསམ་རྩེ་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་༧ ཡོད་མིའི་གྲས་ལས་ གཱ་ནེཤི་ གི་མི་རེ་དེ་ མིང་གཏམ་ཆེ་གྲགས་སོང་ཡོད་མི་དེ་ གཡུས་སྒོ་ཚུ་ནང་ ཁོ་རའི་ཨའི་དང་ ནུ་གཅུང་༢ མིང་གཏམ་ཅན་སྦེ་ ཡོད་ནི་དེ་གིས་ ཨིན་པས།
གཱ་ནེཤི་ གི་མི་རེ་གིས་ ལྟ་བཤལ་ལས་སྡེ་ནང་ ལཱ་འབད་བའི་ཉམས་མྱོང་ཡོད་པའི་ཁར་ ལྟ་བཤལ་དང་ བཟའ་ཁང་འཛིན་སྐྱོང་གི་ གཙུག་ལག་གོང་མའི་ཤེས་ཚད་ མཱསི་ཊརསི་གི་ སློབ་སྦྱོང་འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་འགན་འཁྲི་དེ་ གཡུས་སྒོ་དང་ རྫོང་ཁག་ལུ་ གློག་མེ་མེད་ས་ གློག་མེ་དང་ ཆུ་མེད་ས་ཆུ་གཏོན་ནི་ དེ་ལས་ སྣུམ་འཁོར་ལམ་བཟོ་སྐྲུན་འབད་ནིའི་ འགན་ཁུར་ཚུ་འབག་ནི་མེན་པར་ རྒྱལ་ཁབ་ཀྱི་ ཁྲིམས་ཚུ་ བསྐྱར་ཞིབ་དང་ ལེགས་བཅོས་འབད་ནི་ཨིནམ་ལས་ མི་སེར་དང་ གཞུང་ལུ་ཕན་ནུས་ཅན་གྱི་ ཁྲིམས་ བཟོ་ནི་དེ་ཨིན་ཟེར་ མི་སེར་ཚུ་ལུ་ སླབ་ཡོདཔ་ཨིན་པས།
བསམ་རྩེ་རྒེད་འོག་ནང་ གཱ་ནེཤི་ གི་མི་རི་གི་ ངོ་བཏོན་འབད་ནི་དེ་ འགོ་ཐོག་ཨིན་རུང་ ཁོ་ལུ་ ཚོགས་རྒྱན་༣༤༤ དགོཔ་སྦེ་ བཙུགས་མི་ལུ་བརྟེན་ གདམ་འཐུ་གྲུབ་ཡོདཔ་ད་ ཁོ་ར་ གཡུས་སྒོའི་འཛོམས་འདུ་ནང་ འགོ་ཐོག་འབད་ནི་དེ་གིས་ མི་སེར་ལས་ རྒྱབ་སྐྱོར་ཐོབ་ཚུགས་ནི་ལུ་ དོགས་ཟོན་བསྐྱེད་ཅི་ཟེར་ཨིན་པས།
གཡུས་མི་ཚུ་གིས་ འབད་བ་ཅིན་ མི་ཚུ་ གཡུས་སྒོ་ནང་མ་སྡོདཔ་ལས་ ངོ་ཤེས་ཚུགས་པ་ ལཱ་ཁག་ཡོདཔ་ཨིན་རུང་ རང་གི་གཡུས་སྒོའི་ འདེམས་ངོ་ར་ བཙག་འཐུ་འགྲུབ་པ་ཅིན་ ལེགས་ཤོམ་འོང་མནོ་སྟེ་ རྒྱབ་སྐྱོར་འབད་ཡི་ཟེར་ ཨམ་སྲུ་ཅིག་གིས་ སླབ་ཨིན་པས།
སིབ་སུ་རྒེད་འོག་ནང་ ཚོགས་རྒྱན་བཙུགས་ཆོག་མི་ ཡོངས་བསྡོམས་༢༢༧༧ ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment