གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དུས་ཅི་ སློབ་གྲྭའི་ལོ་ཕྱེད་ཆོས་རྒྱུགས་ ཧ་སུ་སྦེ་ འགོ་འདྲེན་འཐབ་ནི།

༡༨/༤/༢༠༡༣   ༉ དུས་ཅི་ རྒྱལ་ཁབ་ཀྱི་སློབ་གྲྭ་ཚུ་ ལོ་ཕྱེད་ངལ་མཚམས་ཀྱི་དོན་ལུ་ ཧེ་མ་དང་ཕྱདཔ་ད་ བདུན་ཕྲག་༢ ཀྱི་ཧེ་མ་ལས་ སྒོ་བསྡམ་དགོ་པའི་སྐོར་ སྤྱི་ཟླ་༤ པའི་ཚེས་༡༦ ལུ་ ཤེས་རིག་ལྷན་ཁག་གིས་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།


དེ་ཡང་ བཙག་འཐུ་ལྷན་ཚོགས་ལས་ དུས་ཅི་ རྒྱལ་ཡོངས་ཚོགས་འདུའི་བཙག་འཐུ་དེ་ སྤྱི་ཟླ་༦ པའི་ཚེས་༢༠ ལས་ སྤྱི་ཟླ་༧ པའི་ཚེས་༥ ཚུན་ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་ གསལ་བསྒྲགས་ལྷོད་མི་དང་འཁྲིལ་ ཨིན་ཟེར་བཀོད་ནུག།
སློབ་གྲྭ་དང་ ཤེས་ཡོན་ལས་ཁུངས་ཀྱི་མདོ་ཆེན་ ཀརྨ་ཡེ་ཤེས་ཀྱིས་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ དེ་བཟུམ་གྱི་ བསྒྱུར་བཅོས་འབད་དགོ་མི་དེ་ཡང་ བཙག་འཐུའི་སྐབས་ སློབ་གྲྭའི་སློབ་སྟོན་པ་ཚུ་ལུ་ བར་ཆད་མི་འབྱུང་ནི་དང་ ལྷག་པར་དུ་ བཙག་འཐུ་ལྷན་ཚོགས་ལུ་ རྒྱབ་སྐྱོར་འབད་ཚུགས་ནིའི་དོན་ལུ་ ལོ་ཕྱེད་ཀྱི་ངལ་མཚམས་དེ་ སྤྱི་ཟླ་༦ པའི་ཚེས་༢༠ ལས་ སྤྱི་ཟླ་༧ པའི་ཚེས་༥ ཚུན་ བཞག་དགོཔ་ཨིན་པས།
སློབ་གྲྭ་ལ་ལུ་ཅིག་ནང་ གསལ་བསྒྲགས་དེ་ མ་ལྷོདཔ་ཨིན་རུང་ གསལ་བསྒྲགས་ལྷོད་མི་ སློབ་གྲྭའི་དབང་འཛིན་ དག་པ་ཅིག་གིས་ ཁོང་ཆ་ཁྱབ་ བཙག་འཐུ་ལུ་བརྟེན་ གྲོས་ཐག་བཅད་མི་ལུ་ ནང་ན་ལས་ གྲ་སྒྲིག་འབད་དེ་ ཡོད་ཟེར་ཨིན་པས།
དབྱངས་ཅན་ཕུག་ འབྲིང་རིམ་སློབ་གྲྭ་གོང་མའི་དབུ་འཛིན་ པི་སི་ དབང་འདུས་ཀྱིས་འབད་བ་ཅིན་ སློབ་གྲྭ་གིས་ ལོ་ཕྱེད་ཀྱི་ཆོས་རྒྱུགས་དེ་ བཙག་འཐུའི་ཧེ་མ་ འགོ་འདྲེན་འཐབ་ནི་ཨིན་ན་དང་ ཡང་ཅིན་ ཤུལ་ལས་ འགོ་འདྲེན་འཐབ་ནི་ཨིན་ན་ གདམ་ཁ་རྐྱབ་དགོཔ་ ཡོད་ཟེར་ཨིན་པས།
ཐིམ་ཁྲོམ་འོག་གི་ སློབ་གྲྭའི་ལས་རིམ་དང་འཁྲིལ་བ་ཅིན་ ལོ་ཕྱེད་ཀྱི་ཆོས་རྒྱུགས་དེ་ སྤྱི་ཟླ་༦ པའི་ཚེས་༡༧ ལས་༢༦ ཚུན་ འགོ་འདྲེན་འཐབ་ནི་སྦེ་ བཀོད་དེ་ཡོད་ཟེར་ དབུ་འཛིན་གྱིས་སླབ་ཨིན་པས།
བདེ་ཆེན་ཆོས་གླིང་ འབྲིང་སློབ་གྲྭ་བར་མའི་དབུ་འཛིན་ སྙན་གྲགས་ཀྱིས་ སླབ་མིའི་ནང་ ཁོ་གི་སློབ་གྲྭ་ནང་ ལོ་ཕྱེད་ཀྱི་ཆོས་རྒྱུགས་དེ་ སྤྱི་ཟླ་༦ པའི་ཚེས་༢༠ གི་ཧེ་མ་ལས་ མཇུག་བསྡུ་ཚུགསཔ་ འབད་ནི་ཨིན་ཟེར་ཨིནམ་ད་ དེ་ཡང་ སློབ་གྲྭ་གིས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་དེ་ དུས་ཚོད་འ་ནེམ་ཅིག་ཁར་ འགོ་འདྲེན་འཐབ་ནི་ཨིནམ་ ཧེ་མ་ལས་ ཤེས་ནི་དེ་གིས་ ཨིན་ཟེར་ཨིན་པས།
ལོ་ཕྱེད་ཀྱི་ཆོས་རྒྱུགས་ གདོང་ཁར་འཐེན་མི་གིས་ སློབ་གྲྭའི་འཆར་གཞི་དང་འཁྲིལ་བའི་ ལོ་ཕྱེད་ཚུན་ལུ་ ཆོས་ཚན་མཇུག་བསྡུ་དགོ་པའི་རིགས་ཚུ་ མཇུག་བསྡུ་མི་ཚུགས་ནི་ཨིན་རུང་ ལོ་༡ གི་ཆོས་ཚན་ཚུ་ མཇུག་བསྡུ་ནི་ལུ་ བར་ཆད་མི་འབྱུང་ཟེར་ སློབ་གྲྭའི་དབུ་འཛིན་ཚུ་གིས་ སླབ་ཨིན་པས།
ལོ་ཕྱེད་ཚུན་ལུ་ འཆར་གཞི་དང་འཁྲིལ་ ཆོས་ཚན་མཇུག་བསྡུ་མ་ཚུགས་མི་ཚུ་ སློབ་གྲྭ་ལོག་སྒོ་ཕྱེ་བའི་སྐབས་ སློབ་སྟོན་འབད་ཚུགས་ཟེར་ དབུ་འཛིན་གྱིས་སླབ་ཡོདཔ་ད་ པི་སི་དབང་འདུས་ཀྱིས་ དེ་གི་སྐོར་ལས་ ཧེ་མ་ར་ སློབ་གྲྭའི་དབང་འཛིན་ཚུ་གི་བར་ན་ གྲོས་བསྟུན་འབད་དགོཔ་ འོང་ཟེར་ཨིན་པས།
དབུ་འཛིན་གྱིས་ བཤད་མིའི་ནང་ ལོ་ཕྱེད་ཆོས་རྒྱུགས་ཀྱི་ཧེ་མ་ ཆོས་རྒྱུགས་གཞན་ཡང་ འགོ་འདྲེན་འཐབ་ནི་ཡོད་རུང་ གལ་སྲིད་ ལོ་ཕྱེད་ཀྱི་ཆོས་རྒྱུགས་དེ་ བཙག་འཐུའི་ཧེ་མ་ འགོ་འདྲེན་འཐབ་པ་ཅིན་ དེ་ཚུ་ མེདཔ་སྦེ་ བཞག་དགོཔ་འོང་ཟེར་ཨིན་པས།
འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ གཙོ་འཛིན་འོགམ་ དྲགོས་པདྨ་འཕྲིན་ལས་ཀྱིས་ སླབ་མིའི་ནང་ ཁོང་ཆ་ཁྱབ་ བཙག་འཐུའི་ནང་ འབྲེལ་བ་མེད་ནི་དེ་གིས་ སློབ་སྦྱོང་སྤེལ་ཁང་ཚུ་ནང་གི་ལཱ་ཚུ་ འཕྲོ་མཐུད་དེ་ར་ འབད་སྡོད་འོང་ཟེར་ཨིན་པས།
སློབ་གྲྭ་དང་ ཤེས་རིག་ལས་ཁུངས་ཀྱི་ འབྲེལ་འཛིན་འགོ་དཔོན་ བཙན་སྐྱོགས་རྡོ་རྗེ་གིས་འབད་བ་ཅིན་ ལོ་ཕྱེད་ཀྱི་ཆོས་རྒྱུགས་ཚུ་ ངེས་པར་དུ་ བཙག་འཐུའི་ཧེ་མ་ལས་ འགོ་འདྲེན་འཐབ་དགོཔ་ད་ དེ་ཡང་ སློབ་དཔོན་ བརྒྱ་ཆ་༧༠ ལས་༨༠ དེ་ཅིག་ བཙག་འཐུ་ནང་ ལཱ་འབད་བར་ འགྱོ་དགོ་ནི་དེ་གིས་ ཨིན་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment