གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙག་འཐུ་འགྲུབ་ཚར་བའི་ཤུལ་ལས་ ཚོགས་རྒྱན་བཙུགས་མི་ཚུ་ ངོ་མ་ཤེསཔ་མི་བཟོ་ཟེར་ སླབ་དོ་ཡོདཔ།

༡༩/༤/༢༠༡༣   ༉ སྐྱེས་ལོ་༣༤ ལང་མི་ བསམ་རྩེ་བསྟན་འབྲུ་རྒེད་འོག་གི་ རྒྱལ་ཡོངས་ཚོགས་འདུའི་འདེམས་ངོ་ སངས་རྒྱས་མཁའ་འགྲོ་གིས་ བསྐུལ་བསྒྲགས་འགོ་འདྲེན་འཐབ་ནིའི་དོན་ལུ་ ངོས་ལེན་འགོ་དཔོན་ལས་ གནང་བའི་དོན་ལུ་ ཆུ་ཚོད་༤ དེ་ཅིག་ བསྒུགས་སྡོད་པའི་ཤུལ་ལས་ གནང་བ་ཐོབ་སྟེ་ ནོར་བུ་སྒང་རྒེད་འོག་གི་ འདམ་ཟེཌ་ས་སྤྱི་འོག་ནང་ ལྟ་སྐོར་སོང་ཡོདཔ་ཨིན་པས།
སངས་རྒྱས་མཁའ་འགྲོ་གིས་ སྒོ་བཤལ་རྐྱབ་སྟེ་ བསྐུལ་བསྒྲགས་འབད་བའི་བསྒང་།


ཁོ་གིས་ གཡུས་སྒོའི་ནང་ སྒོ་བཤལ་ལྟ་སྐོར་ལས་རིམ་ འགོ་བཙུགས་མི་དང་འབྲེལ་ གཡུས་སྒོའི་མི་སེར་ཚུ་གིས་ ངོས་ལེན་ལེགས་ཤོམ་འབད་ཡོདཔ་ད་ སངས་རྒྱས་མཁའ་འགྲོ་གིས་ མི་སེར་ཚུ་ལུ་ ཁོ་རའི་མིང་རྫུན་མ་ བོ་ཊེ་རའི་ཨིན་ཟེར་ སླབ་ཡོདཔ་བཞིན་དུ་ ཁོ་ར་ མི་སེར་ཚུ་གིས་ ངོ་ཤེས་ཚུགསཔ་བཟོ་ནིའི་དོན་ལུ་ འོང་ཡི་ཟེར་ སླབ་ཨིན་པས།
ཁོ་གིས་ མི་སེར་ཚུ་ལུ་ ཕུལ་ནི་ག་ནི་ཡང་མེདཔ་ལས་ དགོངསམ་མ་ཁྲལ་ཟེར་ སླབ་པའི་ཤུལ་ལས་ ང་ར་ གཡུས་སྒོ་ནང་ འོང་དགོ་པའི་དམིགས་དོན་དེ་ ཚོགས་རྒྱན་ལྷང་པར་ཨིན་ཟེར་ སླབ་ཨིན་པས།
སངས་རྒྱས་མཁའ་འགྲོ་དེ་ སྤྱི་མི་བགྲེསཔ་ཅིག་ཨིན་པའི་ཁར་ རྫོང་ཁག་ཡར་རྒྱས་ཚོགས་ཆུང་གི་ ཁྲི་འཛིན་བགྲེསཔ་ཡང་ཨིནམ་ད་ ཁོ་ལུ་ སྲིད་དོན་རིག་པའི་ནང་ མཐོ་རིམ་ཤེས་ཚད་ཀྱི་ ལག་ཁྱེར་ཡོདཔ་ད་ རྒེད་འོག་འཛོམས་འདུའི་སྐབས་ ཁོ་གིས་ ཚོགས་རྒྱན་བསྡོམས་༣༨༢ ལས་༣༤༢ ཐོབ་སྟེ་ བཙག་འཐུ་འབད་ཡོདཔ་ཨིན་པས།
ཁོ་ར་ འདམ་ཟེཌ་ས་གཡུས་ཚན་ནང་ འགྱོ་དགོ་མི་དེ་ཡང་ གཡུས་མི་ཚུ་གིས་ འབོ་མི་ལུ་བརྟེན་ཏེ་ཨིནམ་ད་ ཁོ་གི་རྒྱབ་སྐྱོར་པ་ཅིག་གིས་ རྐང་སྟོང་སྦེ་ སངས་རྒྱས་མཁའ་འགྲོ་གི་ ཁས་བླངས་སྐོར་ལས་ གོ་བརྡ་སྤྲོད་ཡི་ར་ འགྱོ་དོ་ཡོདཔ་ཨིན་པས།
སངས་རྒྱས་མཁའ་འགྲོ་གིས་ མི་སེར་ཚུ་ལུ་ སླབ་མིའི་ནང་ ཚོགས་རྒྱན་བཙུགས་པའི་སྐབས་ ཁྱེད་ཀྱིས་ ང་ར་ ངོ་མི་བརྗེད་ནིའི་དོན་ལུ་ ངེ་གི་གདོང་དེ་ ཁྱེད་ཀྱི་དོན་ཧིང་དང་ ཀླདཔ་ནང་ བཙུགས་བཞག་གནང་ཟེར་ སླབ་ཨིན་པས།
ཨིན་རུང་ འདེམས་ངོ་ག་དེ་ བཙག་འཐུ་འབད་ནི་ཨིན་ནའི་ དབང་ཚད་དེ་ མི་སེར་ཚུ་ལུ་ཡོདཔ་ལས་ གདམ་ངོ་ཚུ་གི་ ལྕོགས་གྲུབ་ཚུ་ལུ་བལྟ་སྟེ་ ཚོགས་རྒྱན་བཙུགས་དགོཔ་དེ་ ཁག་ཆེ་འོང་ཟེར་ ཁོ་གིས་ ཁ་བཀོད་བྱིན་ཡི།
དི་པུ་ཇོ་ར་གཡུས་ཚན་དེ་ བསྟན་འབྲུ་རྒེད་འོག་ལས་ ཀི་ལོ་མི་ཊར་༦ གི་ས་ཁར་ཨིནམ་ད་ དེ་ནང་ ཁྱིམ་གུང་པ་༢༣༠ ཡོད་མི་དེ་ རྒེད་འོག་གི་ སྤྱི་འོག་ཚུ་གི་གྲས་ལས་ མཐོ་ཤོས་ཨིན་པས།
ཁོ་གིས་ ཁོ་རའི་ངོ་པར་དེ་ ཚོགས་རྒྱན་བཙུགས་སའི་ འཕྲུལ་ཆས་ཀྱི་ ས་ཁོངས་ག་དེ་ནང་ འོང་ནི་ཨིན་ནའི་སྐོར་ལས་ཡང་ སླབ་ཡོདཔ་ད་ ཁོ་ར་ འདེམས་ངོ་སྦེ་ བཙག་འཐུ་འགྲུབ་པ་ཅིན་ རྒྱལ་ཡོངས་ཚོགས་སྡེ་ མ་འཚོགས་པའི་ཧེ་མ་དང་ འཚོགས་ཚར་བའི་ཤུལ་ལུ་ རྫོང་ཁག་གི་ མི་སེར་ཚུ་དང་འཕྱད་དེ་ ཚོགས་འདུའི་ནང་ གསུང་གྲོས་ག་ཅི་ར་ གནང་ཡོདཔ་ཨིན་ནའི་ གོ་བརྡ་སྤྲོད་པར་ འཐོན་འོང་ཟེར་ཨིན་པས།
ཁ་ཙ་ བསྐུལ་བསྒྲགས་འབད་བའི་སྐབས་ མི་སེར་ལ་ལུ་ཅིག་དང་ འཕྱད་མ་ཚུགསཔ་ཨིན་རུང་ ཁོ་དང་ཕྱད་མི་ཚུ་གིས་ གཞན་མི་ཁྱིམ་ཚང་ཚུ་ ཚོགས་རྒྱན་བཙུགས་པའི་ཉིན་མར་ ཁོ་ལུ་རྒྱབ་སྐྱོར་འབད་བར་ འོང་གནང་ཟེར་བའི་ བརྡ་སྤྲོད་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་འབད་བ་ཅིན་ བསྐུལ་བསྒྲགས་ཀྱི་སྐབས་ ཚོགས་རྒྱན་དགོ་ནིའི་ དོན་ལུ་ འདེམས་ངོ་ག་གིས་འབད་རུང་ མི་སེར་ཚུ་ལུ་ ཤ་ཚ་ཧིང་ཚ་དང་ བྱམས་དང་སྙིང་རྗེའི་སྒོ་ལས་ སླབ་མ་གཏོགས་ ཁོང་ར་ བཙག་འཐུ་འགྲུབ་པའི་ཤུལ་ལས་ ཆ་རོགས་འབད་ནི་ཕར་བཞག་ ངོ་མ་ཤེས་རྫུས་བཏབ་མི་ཡང་ ལེ་ཤ་འཐོན་ནི་ཡོད་ཟེར་ སླབ་ཨིན་པས།
པུར་ན་བྷ་དུར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ འདེམས་ངོ་ཚུ་གིས་ ད་ལྟོ་ བསྐུལ་བསྒྲགས་ཀྱི་སྐབས་ ག་དེམ་ཅིག་སྦེ་ ཁོང་ཆ་ཁྱབ་ བཙག་འཐུ་འགྲུབ་པ་ཅིན་ ལོག་རྒེད་འོག་ཚུ་ནང་ འོང་ནི་སྦེ་ སླབ་དོ་ཡོདཔ་ཨིན་རུང་ འདས་པའི་ཉམས་མྱོང་ཚུ་དང་འཁྲིལ་བ་ཅིན་ དེ་ལུ་ ཡིད་ཆེས་བསྐྱེད་དགོཔ་ མེད་ཟེར་ཨིན་པས།
མི་སེར་ཚུ་གིས་འབད་བ་ཅིན་ ཁོང་ར་ བཀབ་ནེ་ཧོནམོ་ཐོབ་ཞིནམ་ལས་ རེས་ཅིག་སྐབས་ རྫོང་ཁག་ཚུན་འོང་པའི་ ལོ་རྒྱུས་གོཝ་ཨིན་རུང་ གཡུས་སྒོ་ཚུ་ཕར་བཞག་ ཐ་ན་ རྒེད་འོག་ནང་ཡང་ འོང་ནི་མེད་མི་ལུ་བརྟེན་ཏེ་ ཚོགས་རྒྱན་བཙུགས་ཚར་བའི་བསྒང་ལས་ ན་འཐན་ར་ སེམས་ཕམ་བསྐྱེད་དགོཔ་ འབྱུངམ་མས་ཟེར་ ཨིན་པའི་གནས་ཚུལ།

རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment