གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱིར་བཏང་བཙག་འཐུའི་བྱ་རིམ་ སྤྱི་ཟླ་༧ པའི་ནང་ མཇུག་བསྡུ་ནི།

༡༨/༤/༢༠༡༣   ཨིན་རུང་ འགོ་ཐོག་བཙག་འཐུ་དང་ སྤྱིར་བཏང་བཙག་འཐུའི་ ཚེས་གྲངས་ཚུ་ གསལ་བསྒྲགས་མ་འབད་བར་ཡོདཔ་ཨིན།
༉ ད་ཚུན་གྱི་བར་ན་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱིར་བཏང་བཙག་འཐུའི་ ཚེས་གྲངས་དེ་ གཞུང་འབྲེལ་ཐོག་ གསལ་བསྒྲགས་འབད་འབདཝ་མེད་རུང་ སྤྱི་ཟླ་༤ པའི་ཚེས་༡༠ ལུ་ ཤེས་རིག་ལྷན་ཁག་ལུ་བཏང་མི་ ཡི་གུ་དང་འཁྲིལཝ་ད་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཚུ་ སྤྱི་ཟླ་༦ པའི་ཚེས་༢༠ དང་ སྤྱི་ཟླ་༧ པའི་ཚེས་༥ གི་བར་ན་ འགོ་འདྲེན་འཐབ་ནི་བཟུམ་ཡོདཔ་ཨིན་པས།


ཤེས་རིག་ལྷན་ཁག་གིས་ཡང་ བཙག་འཐུའི་སྐབས་ བར་ཆད་མི་རྐྱབ་ནི་དང་ བཙག་འཐུའི་བྱ་རིམ་ རྣམ་དག་དང་ རང་མོས་ཐོག་ལས་ འགོ་འདྲེན་འཐབ་ནིའི་ ལྷན་ཐབས་ལུ་ སློབ་གྲྭ་ཚུ་གི་ གནམ་བྱཱར་གྱི་ ངལ་མཚམས་དེ་ཡང་ དུས་ཚོད་དེ་གི་བར་ན་ བདེ་སྒྲིག་བཟོ་ནི་ཨིན་པས།
དེ་འབདཝ་ད་ བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ དོགས་སེལ་འབད་མིའི་ནང་ ད་ལྟོ་ཚེས་གྲངས་ཚུ་ གཏན་འཁེལ་བཟོ་བཟོཝ་མེད་རུང་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་བྱ་རིམ་ཚུ་ སྤྱི་ཟླ་༧ པའི་ནང་འཁོད་ནང་ར་ འགོ་འདྲེན་འཐབ་འོང་ཟེར་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱི་ ཡི་གུ་དང་འཁྲིལ་ ཤེས་རིག་ལྷན་ཁག་གིས་ རྫོང་ཁག་བདག་སྐྱོང་ཚུ་ལུ་ སློབ་གྲྭའི་ལོ་ཕྱེད་ཀྱི་ ཆོས་རྒྱུགས་ཚུ་ ཧ་སུ་སྦེ་ འགོ་འདྲེན་འཐབ་སྟེ་  སྤྱི་ཟླ་༦ པའི་ཚེས་༢༠ དང་ སྤྱི་ཟླ་༧ པའི་ཚེས་༥ གི་བར་ན་ ངལ་མཚམས་ཕོགཔ་སྦེ་ ཡི་གུ་བྲིས་མི་ལུ་ལྟཝ་ད་ སྤྱིར་བཏང་བཙག་འཐུ་དེ་ ཚེས་གྲངས་དེ་གི་ ནང་འཁོད་ལུ་ འབད་ནི་མས་ཟེར་ མི་ཚུ་གིས་ ཚོད་དཔག་འབདཝ་ཨིན་པས།
འདི་འབདཝ་ལས་ འགོ་ཐོག་བཙག་འཐུ་དེ་ སྤྱི་ཟླ་༥ པའི་ནང་ འགོ་འདྲེན་འཐབ་ནི་གི་ འོས་འབབ་ཡོད་མི་དེ་ཡང་ འགོ་ཐོག་བཙག་འཐུའི་ གྲུབ་འབྲས་ཚུ་ གསལ་བསྒྲགས་འབད་ཞིནམ་ལས་ རྒྱལ་ཁ་ཐོབ་མི་ སྲིད་ཚོགས་༢ ཀྱིས་ སྤྱིར་བཏང་བཙག་འཐུའི་དོན་ལུ་ འདེམས་ངོ་ཚུ་ གཏན་འཁེལ་བཟོ་ནི་དང་ དོ་འགྲན་ཁས་ལེན་ཡི་གུ་ཚུ་ བཙུགས་ནི་གི་ དུས་ཚོད་དགོ་ནི་དེ་གིས་ཨིན་པས།
དྲགོས་ཀུན་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་ཚེས་གྲངས་ཚུ་ འཕྲལ་མགྱོགས་ར་ གསལ་བསྒྲགས་འབད་འོང་ཟེར་ཨིན་པས།
སྤྱི་ཚོགས་དང་པའི་ རྒྱལ་ཡོངས་ཚོགས་འདུའི་ གནས་ཡུན་དང་པ་དེ་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ ཚངམ་མ་ཚད་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དེ་ སྤྱི་ཚེས་༢༣ ལུ་ མཇུག་བསྡུ་ནི་ཨིནམ་ལས་ འགོ་ཐོག་བཙག་འཐུ་དང་ སྤྱིར་བཏང་བཙག་འཐུའི་ ཚེས་གྲངས་ཚུ་ ཡུན་མ་རིངམོ་ཅིག་ཁར་ གསལ་བསྒྲགས་འབད་ནི་གི་ འོས་འབབ་ཡོདཔ་ཨིན་པས།
འབྲུག་གི་བཙག་འཐུའི་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ འབྲུག་རྒྱལ་པོ་མཆོག་གིས་ བཙག་འཐུ་ལྷན་ཚོགས་ཀྱིས་ གྲོས་འདེབས་ཕུལ་བའི་ ཚེས་གྲངས་དེ་ཁར་ སྤྱི་ཚོགས་ཀྱི་ འདེམས་ཁོངས་ཆ་མཉམ་ལུ་ སྲིད་དོན་ཚོགས་པ་དང་ འཐུས་མི་ཚུ་ བཙག་འཐུ་རྐྱབ་དགོ་པའི་ བཀའ་ཁྱབ་གནང་ཞིནམ་ལས་ སྲིད་དོན་ཚོགས་པ་ཚུ་གིས་ བཙག་འཐུའི་ནང་ དོ་འགྲན་ཁས་ལེན་ཡི་གུ་བཙུགས་དགོཔ་ད་ དེ་ཡང་ འགོ་ཐོག་བཙག་འཐུའི་ཐད་ལུ་ བརྡ་འཕྲིན་སྤེལ་བའི་ ཚེས་གྲངས་ལས་ ཉིན་གྲངས་༧ གྱི་ནང་འཁོད་ལུ་ བཙུགས་དགོཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment