གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་གསུག་ལེན་པའི་ དོགས་པ་ཡོད་མི་ཅིག་ འཛིན་བཟུང།

༡༩/༤/༢༠༡༣   ༉ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པའི་ སྣུམ་འཁོར་བརྡ་སྟོན་འགོ་དཔོན་ཅིག་གིས་ ནང་གསུག་ལེན་པའི་ དོགས་པ་ལུ་བརྟེན་ སྤྱི་ཟླ་༤ པའི་ཚེས་༡༧ ལུ་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་སྡེའི་གཙོ་འཛིན་ མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་ སླབ་མིའི་ནང་ གོ་གནས་སྤྱི་དཔོན་ཨིན་མི་ འགོ་དཔོན་དེ་ ངན་ལྷད་ནང་ འབྲེལ་གཏོགས་ཡོད་པའི་ དོགས་པ་ཆགསཔ་ལས་ ཁྲིམས་སྲུང་འགག་པ་གིས་ གསང་བའི་དྲི་ཞིབ་འབད་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
སྔོན་འགྲོའི་ཞིབ་དཔྱད་འབད་བའི་སྐབས་ འགོ་དཔོན་དེ་ ངན་ལྷད་དང་འབྲེལ་བ་ཡོད་པའི་ མངོན་གསལ་བྱུངམ་ལས་ དགོངས་ཕོག་བཏོན་ཏེ་ དོ་དམ་ནང་ བཞག་ཡོདཔ་ཨིན་པས།
ལཱ་ངན་དེ་ནང་ འབྲེལ་བ་ཡོད་མི་ ཕྱི་མི་ཅིག་ཡང་ ཁྲིམས་སྲུང་འགག་པའི་ དོ་དམ་ནང་ བཞག་ཡོདཔ་ཨིན་པས།
བྱ་ངན་དེ་ཡང་ ས་མཚམས་ཁར་ བྱུང་ཡོདཔ་ལས་ ཁྲིམས་སྲུང་འགག་པ་དང་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་ དེ་ལས་ ལུང་ཕྱོགས་ཅ་དམ་ཡིག་ཚང་ཚུ་གིས་ མཉམ་རུབ་ཐོག་ལས་ ཞིབ་དཔྱད་འབད་ཡོདཔ་བཞིན་དུ་ དེ་ནང་ ལས་སྡེ་མང་རབས་ཅིག་ འབྲེལ་གཏོགས་ཡོདཔ་ལས་ རྩོད་དོན་དེ་ ཚབས་ཆེན་ཅིག་ཨིན་ཟེར་ འགག་སྡེའི་ གཙོ་འཛིན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།





No comments:

Post a Comment