གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙག་འཐུ་འགོ་དཔོན་ཨིནམ་བཟོ་མི་ ཕོ་སྐྱེས་ཅིག་འཛིན་བཟུང་།

༡༩/༤/༢༠༡༣   ༉ སྤྱི་ཟླ་༤ པའི་ཚེས་༡༧ ལུ་ བུམ་ཐང་ ཇ་ལི་མཁར་ལས་ སྐྱེས་ལོ་༢༤ ལང་མི་ཕོ་སྐྱེས་ འབྱིད་སྐོར་རྐྱབ་མི་ཅིག་ འཛིན་བཟུང་འབད་ཡོདཔ་ད་ དེ་ཡང་ ཁོ་གིས་ བཙག་འཐུ་འགོ་དཔོན་ཨིན་ཟེར་ རྫུས་མ་བཟོ་སྟེ་ ཇ་ལི་མཁར་གཡུས་ཚན་ནང་ ཚོགས་རྒྱན་བཙུགས་མི་ཚུ་གི་འདྲ་པར་ ཞིབ་དཔྱད་འབད་ནི་དེ་གིས་ཨིན་པས།


གཞལམ་སྒང་ བར་དོ་ལས་ཨིན་མི་ ཕུརཔ་རྡོ་རྗེ་གིས་ དེ་ཚེ་ཕྱི་རུ་ ཆརཔ་རྐྱབ་པའི་སྐབས་ བཙག་འཐུའི་སྒྲིག་རྒྱུག་ནང་ཨིན་ཟེར་སླབ་སྟེ་ ཨམ་སྲུ་ཅིག་གི་ཁྱིམ་ནང་ སོང་ཞིནམ་ལས་ ཆང་འཐུང་ཡོདཔ་ད་ དེ་གི་ཤུལ་ལས་ སྣུམ་འཁོར་བསྒུག་པར་ འགྱོ་ནི་ཨིན་ཟེར་སླབ་སྟེ་ ཁྱིམ་ནང་ལས་ ཐོན་སོང་ཡོདཔ་ཨིན་པས།
དེ་ལས་ ཇ་ལི་མཁར་ལུ་སྡོད་མི་ཚུ་ དོགས་པ་ཟ་སྟེ་ རྫོང་ཁག་བཙག་འཐུ་འགོ་དཔོན་ལུ་ དྲི་དཔྱད་འབདཝ་ད་ མ་བདེན་པའི་ལོ་རྒྱུས་ཚུ་ སླབ་མི་ལུ་བརྟེན་ དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ ཕོ་སྐྱེས་དེ་གིས་ རྫོང་ཁག་གཞན་ཚུ་ནང་ཡང་ མི་ཚུ་ལུ་ མགུ་འབྱིད་རྐྱབ་སྟེ་ ནན་བསྐྱར་ཉེས་འཛུགས་འབད་མི་ཅིག་ ཨིན་ཟེར་ཨིན་པས།
ཕོ་སྐྱེས་དེ་གིས་ སྤྱི་ཟླ་༤ པའི་ཚེས་༡༣ ལུ་ ནང་སྲིད་ལྷན་ཁག་གི་ འགོ་དཔོན་ཨིན་ཟེར་སླབ་སྟེ་ ལྕམ་མཁར་ཀའི་ལ་མགྲོན་ཁྱིམ་ནང་ ཁང་མིག་༤ སྔོན་མངགས་ འབད་ནུག་ཟེར་ཨིན་པས།
དེ་མ་ཚད་ ཕུརཔ་རྡོ་རྗེ་གིས་ སྤྱི་ཟླ་༤ པའི་ཚེས་༡༢ ལུ་ ལྕམ་མཁར་གྱི་ བཟའ་ཁང་ཅིག་ནང་ མི་༡༢ ཀྱི་དོན་ལུ་ ཕྱི་རུ་དང་ དྲོ་པའི་བཞེས་སྒོ་ སྔོན་མངགས་འབད་ཡོདཔ་ད་ དེ་བསྒང་ ཁོ་གིས་ རྩིས་བཱིལ་དེ་ དྲོ་པ་ སྟབས་གཅིག་ཁར་སྤྲོད་ནི་ཨིན་ཟེར་ བཟའ་ཁང་གི་ ཇོ་བདག་ལུ་ སླབ་ཡོདཔ་ཨིན་པས།
དེ་གི་ནངས་པ་དྲོ་པ་ ཕུརཔ་རྡོ་རྗེ་གིས་ ཁོ་ར་རྐྱངམ་གཅིག་སྦེ་ བཞེས་སྒོ་ཟ་ཡོདཔ་ད་ དེ་བསྒང་ ཇོ་བདག་དེ་ལུ་ རྩིས་བཱིལ་ཚུ་ ཁོ་རའི་ ཆ་རོགས་ཚུ་ བཞེས་སྒོ་བཟའ་ཚར་ཞིནམ་ལས་ སྟབས་གཅིག་ཁར་ སྤྲོད་ནི་ཨིན་ཟེར་ སླབ་པའི་ཤུལ་ལས་ བྱོག་ཡར་སོཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མི་དང་འཁྲིལཝ་ད་ ད་ལྟོ་ དོ་དམ་འོག་ལུ་ཡོད་མི་ ཕོ་སྐྱེས་དེ་ལུ་ འགོ་དཔོན་རྫུས་བཟོ་འབད་བའི་ ཉེས་འཛུགས་འབད་ནི་ཨིནམ་ལས་ ཉེས་ཕྲའི་བཙོན་ཁྲིམས་ལོ་༡ ལས་༣ གྱི་བར་ན་ ཕོག་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment