གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡུན་བརྟན་གནས་ཚུགསཔ་བཟོ་ནིའི་དོན་ལུ་ རང་གིས་ར་ འགན་འཁྲི་འབག་དགོཔ།

༡༩/༤/༢༠༡༣   ༉ ཁ་ཙ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ གྲོས་འཛོམས་མཇུག་འཚོགས་པའི་སྐབས་ གནས་ཚུལ་བསྡུ་བཀོདཔ་ཅིག་གིས་ སྒེར་གྱི་བརྡ་བརྒྱུད་ལས་ཁང་ཚུ་ ཡུན་བརྟན་གནས་ཐབས་ལུ་ ད་ལྟོ་ཚུན་ གཞུང་སྐྱོང་མི་ འབྲུག་ཕུན་སུམ་ཚོགས་པ་གིས་ གྲོགས་རམ་དང་ རྒྱབ་སྐྱོར་ཚུ་ ག་དེ་སྦེ་ར་ འབད་ཡོདཔ་ཨིན་ནའི་སྐོར་ལས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་ལུ་དྲི་བ་ཞུ་ཡི།


དེའི་ལན་ལུ་ བློན་ཆེན་གྱིས་ གསུངས་མིའི་ནང་ སྒེར་གྱི་བརྡ་བརྒྱུད་ལས་ཁང་ཚུ་ རང་དབང་ཐོག་ལས་ གནས་ཐབས་བཟོ་ནི་དང་ ཡུན་བརྟན་གོང་འཕེལ་གཏང་ནིའི་དོན་ལུ་ གཞུང་གིས་ འགན་འཁྲི་འབག་སྟེ་ ཨ་ལུ་གསོ་དོ་བཟུམ་སྦེ་ གསོ་དགོ་པའི་ རེ་བ་བསྐྱེད་ནི་ མི་འོང་ཟེར་ཨིན་པས།
ད་ལྟོ་ཚུན་ཚོད་ཀྱི་བར་ན་ གཞུང་གིས་ བརྡ་བརྒྱུད་ལས་ཁང་ ཆ་མཉམ་ལུ་ར་ གོ་སྐབས་དང་ མཐུན་རྐྱེན་ཚུ་ འདྲ་མཉམ་གྱི་ཐོག་ལས་ སྤྲོད་དེ་ཡོད་ཟེར་ བློན་ཆེན་གྱིས་གསུངས་ཡི།
བརྡ་བརྒྱུད་ལས་ཁང་ཚུ་གིས་ རང་སོ་ལུ་ཕོག་མི་ འགན་འཁྲི་ཚུ་ ཚུལ་མཐུན་འབག་ཚུགསཔ་ འབདོ་དགོཔ་ཨིན་ཟེར་ཨིནམ་ད་ མི་སྟོབས་གོང་འཕེལ་གཏང་ནིའི་ཐད་ཁར་ གཞུང་གིས་ གོ་སྐབས་སྤྲོད་བཞིན་དུ་ ཡོད་ཟེར་ཨིན་པས།
དེ་མ་ཚད་ གསལ་བསྒྲགས་དང་ ཁྱབ་བསྒྲགས་ཚུ་གི་ཐད་ལས་འབད་རུང་ བརྡ་བརྒྱུད་ལས་ཁང་ཆ་མཉམ་ལུ་ འདྲ་མཉམ་སྦེ་ བགོ་བཤའ་རྐྱབ་སྟེ་ བྱིན་ཡི་ཟེར་ཨིན་པས།
ཨིན་རུང་ ད་ཚུན་གྱི་བར་ན་ གནས་ཚུལ་བསྡུ་བཀོདཔ་དང་ བརྡ་བརྒྱུད་ལས་ཁང་ཚུ་གིས་ གཞུང་ལས་ གནང་བ་མེད་པའི་ གནས་ཚུལ་ཚུ་བྲིས་བའི་ཁར་ གནས་ཚུལ་འཛོལ་བ་བྲིས་ཏེ་ རྒྱལ་ཁབ་ནང་ བཀྲམ་སྤེལ་འབད་བའི་སྐབས་ལུ་ གཞུང་གིས་ བཀའ་ཁྲལ་དགོངས་ཁྲལ་ཐོག་ གནས་ཚུལ་བསྡུ་བཀོདཔ་ག་ལུ་ཡང་ ཉེས་ཁྲིམས་བཀལ་ཏེ་ ལཱ་གཡོག་ནང་ལས་ བཏོན་མ་བཏང་ཟེར་ བློན་ཆེན་གྱིས་གསུངས་ཡི།
དེ་མ་ཚད་ འབྲུག་ཕུན་སུམ་ཚོགས་པའི་གཞུང་ལུ་ རྒྱབ་འགལ་གནས་ཚུལ་ཚུ་ ག་དེམ་ཅིག་ར་ བྲིས་ཏེ་འབད་རུང་ གདོང་ལེན་མ་འབད་བར་ ལྷག་པར་དུ་ གཞུང་གི་ཁ་ཐུག་ལས་ དམངས་གཙོའི་གཞུང་གསརཔ་ འགོ་བཙུགས་མི་དང་འབྲེལ་ བརྡ་བརྒྱུད་ལས་ཁང་ཚུ་ཡང་ གསརཔ་གཞི་བཙུགས་འབདཝ་ལས་བརྟེན་ རྒྱབ་སྐྱོར་དང་ ལམ་སྟོན་ དེ་ལས་ གྲོགས་རམ་ཚུ་ གནང་སྟེ་ཡོད་ཟེར་ བློན་ཆེན་གྱིས་ གསུངས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment