གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།

༡༨/༤/༢༠༡༣
ཁ་ཙ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་དབུ་གཙོས་པའི་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་གིས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ལས་ གཞུང་སྐྱོང་གི་གནས་ཡུན་ཚང་བའི་ མཇལ་ཕྲད་ཞུ་ཡོདཔ་ད་ དེ་བསྒང་ བློན་ཆེན་མཆོག་གིས་ དམངས་གཙོའི་གཞུང་ འགོ་དང་པའི་གནས་ཡུན་རིང་ གཞུང་གྲྭ་ཚང་དང་ ཆོས་སྡེ་ཁག་ཚུ་གིས་ རྒྱབ་སྐྱོར་གང་དྲག་མཛད་གནང་མི་དེ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ ཞུ་ཡོད་པའི་གནས་ཚུལ།

No comments:

Post a Comment