གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་རྩེའི་འདེམས་ངོ་༢ ཀྱིས་ མི་མང་རྩོད་འགྲན་གསལ་བཤད་ འབད་དོ་ཡོདཔ།

༢༠/༤/༢༠༡༣   ༉ ལྷུན་རྩེ་རྫོང་ཁག་གི་ མི་སེར་མང་ཤོས་ཅིག་གི་ བསམ་འཆར་ལས་འབད་བ་ཅིན་ དུས་ཅི་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དང་འདོད་ཅན་གྱི་དོ་འགྲན་པ་ མི་ངོ་༢ ཡོད་མི་ལས་ ཚོགས་རྒྱན་ག་ལུ་བཙུགས་ནི་ཨིན་ན་ སེམས་ཐག་བཅད་ཚར་ཡོདཔ་ལས་ སྤྱི་ཟླ་འདི་གི་ཚེས་༡༨ ལུ་ རྫོང་ཁག་དེ་ནང་ མི་མང་རྩོད་འགྲན་འགོ་འདྲེན་འཐབ་པའི་སྐབས་ཀྱི་ གནད་དོན་སྐོར་ལས་ ལོ་རྒྱུས་བཤད་ནི་ མེདཔ་ཨིན་པས།
མི་སེར་ཚུ་གིས་ འདེམས་ངོ་ཚུ་གི་ ཁས་བླངས་གསལ་བསྒྲགས་ལུ་ ཉན་པའི་བསྒང་།


དེ་ཡང་ ལྷུན་རྩེ་རྫོང་ཁག་ མཁོ་མ་རྒེད་འོག་ལས་ སྐྱེས་ལོ་༤༤ ལང་མི་ རིག་འཛིན་རིག་འཛིན་དང་ རྒྱ་རེད་རྒེད་འོག་ལས་ དོ་འགྲན་འབད་མི་ སྐྱེས་ལོ་༤༥ ལང་མི་ བསྟན་པ་རྡོ་རྗེ་གི་སྐོར་ལས་ མི་སེར་ཚུ་གིས་ ཤེས་མི་ལུ་བརྟེན་ ཁོང་༢ ཀྱིས་ རྩོད་འགྲན་ནང་ ག་དེ་སྦེ་གསལ་བཤད་འབད་རུང་ དྲག་ཞན་གྱི་ཁྱད་པར་ ཤེས་ཚར་ཡོདཔ་ཨིན་པས།
རྫོང་ཁག་ནང་ མི་མང་གི་རྩོད་འགྲན་དེ་ རྫོང་ཁག་བདག་སྐྱོང་གི་ཞལ་འཛོམས་ཁང་ ཆུང་ཀུ་ཅིག་ཡོད་མིའི་ནང་ འགོ་འདྲེན་འཐབ་དགོཔ་བྱུང་མི་དེ་ཡང་ ལྷུན་རྩེ་འབྲིང་རིམ་བར་མ་ནང་ དངོས་མཐོང་སྦེ་ རྩོད་འགྲན་འབད་ནི་ལུ་ འཕྲུལ་རིག་གི་ བྱ་སྟབས་མ་བདེཝ་ ཐོན་ཡོདཔ་ལས་བརྟེན་ བདག་སྐྱོང་གི་ཞལ་འཛོམས་ཁང་ནང་ མི་སེར་བརྒྱ་ལྷགཔ་ཅིག་ལས་བརྒལ་ བཅའ་མར་གཏོགས་མ་ཚུགསཔ་ལས་ གཞན་མི་མང་ཤོས་ཅིག་གིས་ རང་སོའི་ཁྱིམ་ནང་སྡོད་དེ་ རྒྱང་མཐོང་ནང་ལྟཝ་ཨིན་པས།
འདེམས་ངོ་༢ ཀྱི་ཁ་ཐུག་ལས་འབད་རུང་ ལྷུན་རྩེ་རྫོང་ཁག་ནང་ དོ་འགྲན་པ་༢ ལས་བརྒལ་མེདཔ་ལས་ མི་སེར་ཚུ་གིས་ གདམ་ཁ་རྐྱབ་མི་དེ་ལུ་ འཛོལ་བ་མེད་ཟེར་ཨིན་པས།
རྩོད་འགྲན་སྐབས་ལུ་ བཅའ་མར་གཏོགས་མི་ ཚོང་པ་བདེ་ཆེན་གྱིས་ སླབ་མིའི་ནང་ མོ་གིས་ཡང་ འདེམས་ངོ་༢ ཀྱི་སྐོར་ལས་ ལེགས་ཤོམ་སྦེ་ར་ ཤེས་ནི་དེ་གིས་ ཚོགས་རྒྱན་བཙུགས་ནི་ལུ་ མགུ་འཐོམ་དགོཔ་མེད་ཟེར་ཨིནམ་ད་ འདེམས་ངོ་༢ ཆ་ར་ ལྕོགས་གྲུབ་ཡོད་དེ་འབད་རུང་ བཙག་འཐུ་དེ་༡ ལས་བརྒལ་འབད་ནི་མེན་མི་ལུ་བརྟེན་ འཐུས་མི་ཅིག་ལུ་ ཚོགས་རྒྱན་བཙུགས་ནི་སྦེ་ གྲ་སྒྲིག་ཡོད་ཟེར་ཨིན་པས།
འདེམས་ངོ་ རིག་འཛིན་རིག་འཛིན་གྱིས་ ལྷུན་རྩེ་རྫོང་ཁག་གི་མི་སེར་ཚུ་གིས་ ལོག་སྟེ་ར་ ཁོ་ལུ་རྒྱབ་སྐྱོར་འབད་དེ་ བཙག་འཐུ་འགྲུབ་པ་ཅིན་ མི་སེར་གྱི་ དཀའ་ངལ་དང་ སྟབས་མ་བདེཝ་ཚུ་ སེལ་ཚུགསཔ་འབད་ནི་ཨིན་མི་དེ་ཡང་ ཁོ་ལུ་ ལོ་༥ འི་ ཉམས་མྱོང་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འདས་པའི་སྤྱི་ཚོགས་ནང་ཡང་ མི་སེར་གྱི་རྒྱབ་སྐྱོར་ལུ་བརྟེན་ འཐུས་མི་སྦེ་ བཙག་འཐུ་གྲུབ་སྟེ་ ཕྱག་ཞུ་ནིའི་ གོ་སྐབས་ཐོབ་མི་དེ་ གཙོ་བོ་ར་ མི་སེར་ཚུ་གི་བཀྲིན་ཨིནམ་ལས་ ད་ལས་ཕར་འབད་རུང་ ཉམས་མྱོང་ཐོབ་ཚར་བའི་ཤུལ་ལུ་ རྒྱབ་བཤུད་རྐྱབ་མ་སྡོད་པར་ གདོང་ཁར་ཐོན་མི་དེ་ མི་སེར་གྱི་སྟབས་བདེ་སྡུག་ བསལ་ཐབས་ལུ་ཨིན་ཟེར་ཨིན་པས།
རྒྱ་རེད་རྒེད་འོག་ལས་ འདེམས་ངོ་བསྟན་པ་རྡོ་རྗེ་གིས་ འབད་བ་ཅིན་ མི་སེར་གྱི་ བློ་གཏད་ཐོག་ལས་ ཁོ་བཙག་འཐུ་འགྲུབ་པ་ཅིན་ དམ་ཚིག་དཔང་ལུ་བཙུགས་ཏེ་ ཕྱག་ཞུ་ནི་ཨིན་མི་དེ་ཡང་ ཁོ་ར་ ཆུང་ཀུའི་བསྒང་ལས་ གཡུས་སྒོ་ནང་སྡོད་དེ་ སྐྱིད་སྡུག་སྲིད་མི་ བུཚ་ཅིག་འབད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
གཡུས་སྒོ་ནང་ལས་བཙར་ཏེ་ སྐྱིད་སྡུག་སྲིད་མི་བུཚ་གིས་ མི་སེར་ཚུ་གི་རྒྱུད་ལུ་ སྐྱིད་སྡུག་ཚུ་ག་ཅི་ར་ཡོདཔ་ཨིན་ན་ ལེགས་ཤོམ་འབད་ར་ ཧ་གོ་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཧེ་མའི་འཐུས་མི་དེ་བ་ ང་དྲག་ཟེར་སླབ་མེན་པར་ མི་སེར་ཚུ་ལུ་ གོ་སྐབས་བྱིན་ནིའི་དོན་ལུ་ དོ་འགྲན་འབདཝ་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་དང་ ལུང་ཕྱོགས་ནང་ གོང་འཕེལ་འདྲ་མཉམ་བཏང་ནི་ལུ་ རྩ་འགེངས་ནི་ཨིནམ་ལས་ བཙག་འཐུ་འགྲུབ་པ་ཅིན་ ལྷུན་རྩེ་རྫོང་ཁག་ནང་ཡང་ མཁོ་མང་ཆུ་ལུ་ གློག་མེ་འཕྲུལ་ཁང་ཅིག་བཙུགས་ནིའི་དོན་ལུ་ ཁོ་གིས་ གཞུང་དང་གཅིག་ཁར་ གྲོས་བསྟུན་འབད་ནི་ ཨིན་ཟེར་ཨིན་པས།
རྒྱལ་ཁབ་ནང་ ཁྲིམས་དང་སྲིད་བྱུས་བརྩམ་ནི་དང་ བསྐྱར་ཞིབ་འབདཝ་ད་ མི་སེར་ཚུ་དང་གཅིག་ཁར་ བསྟུན་གྲོས་སྦུག་ལུ་བཙུགས་ཏེ་ འབད་ནི་དང་ ཁྲིམས་ཚུ་ མི་སེར་ལུ་ གོ་བ་སྤྲོད་ནི་ཟེར་ཨིན་པས།
ཁོ་གིས་ ལཱ་ག་ཅི་ར་འབད་རུང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་ལུ་ གཙོ་བོར་བཏོན་ཏེ་འབད་ནི་དང་ ས་གནས་གཞུང་ལུ་ ཕྱག་ལཱ་གནང་མི་ ལྕོགས་གྲུབ་ཅན་འཐོབ་ནིའི་དོན་ལུ་ ཐོབ་ཁུངས་ཚུ་ ལེགས་ཤོམ་བཟོ་ནི་ཟེར་ ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment