གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདེམས་ངོ་ཚུ་ ངོ་མ་ཤེས་ནི་དེ་གིས་ ཚོགས་རྒྱན་ག་ལུ་བཙུགས་ནི་ཨིན་ན་མ་ཤེསཔ།

༡༨/༤/༢༠༡༣  ༉ རྒྱལ་ཡོངས་ཚོགས་སྡེ་གི་ བཙག་འཐུ་རན་མི་དང་འབྲེལ་ ཐིམ་ཕུ་རྫོང་ཁག་འོག་གི་ དགེ་བསྙེན་ཁ་རྒེད་འོག་གི་ མི་སེར་ཚུ་གིས་ སྤྱིར་བཏང་གྲོས་འཛོམས་ཀྱི་དོན་ལུ་ ཚོགས་སྡེའི་འདེམས་ངོ་ཚུ་ རྒེད་འོག་ནང་འོངམ་ད་ ག་ཨིན་ན་ ངོ་བལྟ་ནིའི་དོན་ལུ་ སྒུག་སྡོདཔ་ཨིན་པས།
དགེ་བསྙེན་ཁའི་ མི་སེར་ཚུ་གི་དོན་ལུ་ འདེམས་ངོ་ཚུ་ག་ར་ གདོང་གསརཔ་ཨིན་མས།


གནམ་གཤིས་བསིལ་དྲགས་ཡོད་པའི་ནང་ རྒེད་འོག་དེ་ནང་ལས་ ཚོགས་རྒྱན་བཙུགས་མི་ ཨམ་སྲུ་དང་ཕོ་སྐྱེས་ གཞོནམ་དང་རྒས་ཤོསམ་ལུ་བལྟཝ་ད་ གྱངས་ཁ་འདྲན་འདྲ་འོང་ཡོདཔ་ད་ སྤྱིར་བཏང་གྲོས་འཛོམས་དེ་ ཉིན་མའི་ཆུ་ཚོད་༡༠ དེ་ཅིག་ལས་ འགོ་བཙུགས་ཡོདཔ་ཨིན་པས།
ལྕང་རྒེད་འོག་གི་འདེམས་ངོ་ ཉི་མ་རྒྱལ་མཚན་དང་ ཐིམ་ཕུ་ཁྲོམ་སྡེ་གི་འདེམས་ངོ་ ཚེ་རིང་ དེ་ལས་ སྨད་ཝང་རྒེད་འོག་གི་འདེམས་ངོ་ ཚེ་རིང་བཀྲ་ཤིས་གསུམ་གྱིས་ བསྐུལ་བསྒྲགས་དེ་ མི་སེར་ཚུ་ སེམས་དགའ་བཅུག་ནི་ཨིནམ་ལས་ ཁོང་གསུམ་གྱི་དོན་ལུ་ ཚོང་འབྲེལ་བཟུམ་ཅིག་ཨིན་པས།
ཉི་མ་རྒྱལ་མཚན་གྱིས་ ཁོ་གི་སྐོར་ལས་ ངོ་སྤྲོད་འབད་དེ་ ཐད་ཀར་དུ་ ཁོ་གིས་ སའི་བཅའ་ཁྲིམས་བསྐྱར་ཞིབ་འབད་ནི་དང་ ན་གཞོན་གྱི་དཀའ་ངལ་བལྟ་ནི་ དེ་ལས་ ལམ་སྲོལ་གྱི་གནད་དོན་དང་ སོ་ནམ་དང་འབྲེལ་བའི་གནད་དོན་ཚུ་ བལྟ་ནི་གི་སྐོར་ལས་ གསལ་བཀོད་འབད་ཡི།
ཁོ་གིས་ ཐིམ་ཕུ་ལས་འགོ་བཙུགས་ རྒྱལ་ཁབ་ནང་འཁོད་ཀྱི་ རྫོང་ཁག་ག་ཏེ་བལྟ་རུང་ བཅའ་ཁྲིམས་དང་ ལམ་ལུགས་ཚུ་དང་འཁྲིལ་འབད་དགོཔ་ལས་ དཀའ་ངལ་གྱི་མངོན་གསལ་བྱུང་མི་ལུ་བརྟེན་ བལྟ་དགོཔ་འདུག་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་ རྒྱལ་ས་ལྟེ་བའི་ རྒེད་འོག་ཚུ་ནང་ ལམ་དང་འཐུང་ཆུ་གི་ དཀའ་ངལ་ཚུ་བསལ་ཏེ་ གོང་འཕེལ་གྱི་ལས་སྣ་ཚུ་ནང་ གཙོ་རིམ་བཏོན་འོང་ཟེར་ཨིན་པས།
ཚེ་རིང་གིས་ གོང་འཕེལ་གྱི་ ལས་སྣ་ཚུ་གིས་མ་ཚད་པར་ གོ་སྐབས་འཐོབ་པ་ཅིན་ ཁོ་གིས་ རྒེད་འོག་དེ་ནང་ལས་ ཡོངས་གྲགས་ཅན་གྱི་ སངས་རྒྱས་ཤ་མུ་ཚུ་ གོང་འཕེལ་གཏང་ནི་ལུ་ གཙོ་བོར་བཏོན་འོང་ཟེར་ཨིན་པས།
ཁོ་གིས་ ཤ་མུའི་ཚོང་འབྲེལ་འཐབ་པའི་སྐབས་ མ་དངུལ་མང་ཤོས་ར་ བར་ན་ལས་ ཚོང་འབྲེལ་འཐབ་མི་ཚུ་གིས་ ལེན་འབག་དོ་ཡོདཔ་ལས་ བར་ན་འབྲེལ་འཐབ་མི་གི་ ལམ་ལུགས་དེ་ མེདཔ་བཟོ་སྟེ་ སྤྱིར་སྙོམས་ཀྱི་ ཚོང་འབྲེལ་འགོ་བཙུགས་ནི་ཟེར་ཨིན་པས།
འདེམས་ངོ་མཇུག་ ཚེ་རིང་བཀྲ་ཤིས་ཀྱིས་ ཁྲིམས་ལུགས་སྒྲིང་སྒྲིང་དགོ་པའི་སྐོར་ལས་དང་ དམངས་གཙོའི་རིང་ལུགས་ ཁག་ཆེ་ཧིང་ དེ་ལས་ ཚོགས་སྡེ་དེ་ གཙུག་སྡེ་ཅིག་ཨིན་པའི་སྐོར་ལས་ གསལ་བཀོད་འབད་ཡི།
ཁོ་གིས་ ཁྲིམས་ལུགས་ལེགས་ཤོམ་ཅིག་མེད་པ་ཅིན་ རྒྱལ་ཁབ་ནང་ ཞི་བདེ་དང་དགའ་སྐྱིད་ མི་འོང་ནི་ཨིནམ་ལས་ དེ་གི་འགན་ཁུར་དེ་ མི་སེར་དང་འབྲེལ་བ་འཐབ་སྟེ་ འབད་ནི་དེ་ཨིན་ཟེར་ཨིན་པས།
རྒེད་འོག་དེ་གི་ ཁྱིམ་གུང་༡༠༠ ཡོད་མི་ལས་ མང་ཤོས་ཅིག་གིས་ འདེམས་ངོ་ཚུ་གིས་ རྒེད་འོག་ལྟེ་བ་ཚུན་ གསལ་བཤད་འབད་བར་འོང་མི་ལུ་བརྟེན་ འོང་ཡོདཔ་ཨིན་པས།
བཟང་ལས་ཁ་ལས་ སྐྱེས་ལོ་༦༧ ལང་མི་ དར་མགོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འདེམས་ངོ་ཚུ་གིས་ གསལ་བཤད་འབད་མི་ལུ་མེན་པར་ ངོ་མ་ར་ གསལ་བཤད་འབད་བའི་སྐབས་ ག་གིས་གཞུང་སྐད་ནང་ ཐེ་ཚོམ་མེདཔ་སྦེ་ གསལ་བཤད་འབད་དོ་ག་ བལྟ་ཡི་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཚོགས་རྒྱན་བཙུགས་ནི་དེ་ འཛོམས་འདུ་དེ་ལུ་ རག་ལས་ཟེར་ཨིན་པས།
མཚོ་ཚེ་ཁ་ལས་ དཀོན་མཆོག་གིས་འབད་བ་ཅིན་ འདེམས་ངོ་ཚུ་ག་ར་ ཁོ་གི་དོན་ལུ་ གདོང་གསརཔ་ཨིནམ་ལས་ གསལ་བཤད་འབད་མི་རྐྱངམ་གཅིག་གིས་ ག་ལུ་རྒྱབ་སྐྱོར་འབད་ནི་ཨིན་ན་ ཐད་ཀར་དུ་ སླབ་མི་ཚུགས་པས་ཟེར་ བཤད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment