གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཕུན་སུམ་ཚོགས་པ་ལུ་ འདེམས་ངོ་གསརཔ་༡༡ འོང་ནི།

༡༩/༤/༢༠༡༣   འདེམས་ངོ་གསརཔ་ཚུ་ གསལ་སྟོན་མ་འབད་རུང་ ཚབ་ག་དང་ག་ར་འོང་ནི་ཨིན་ན་ ཧ་ལམ་ ཤེས་རྟོགས་བྱུངམ་ཨིན་པས།
༉ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ནང་ དོ་འགྲན་འབད་མི་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་གསརཔ་༡༡ འོང་ནི་ཨིན་པས།
དེ་ཡང་ ཁ་ཙ་ བརྡ་བརྒྱུད་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་བར་ན་ གནས་ཚུལ་ཞལ་འཛོམས་ཐེངས་༢༥ པ་འཚོགས་པའི་སྐབས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ གསུངས་ཡི།

བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ གནས་ཚུལ་ཞལ་འཛོམས་ནང་ གསལ་བཤད་གནང་པའི་བསྒང་།


བློན་ཆེན་གྱིས་ ཚོགས་པའི་འདེམས་གསརཔ་༡༡ དེ་ ག་དང་ག་ར་ཨིན་ན་ གསུངས་མ་བཏུབ་ཨིན་རུང་ ཚོགས་པ་ལུ་ཡོད་མི་ ད་ལྟོའི་ འདེམས་ངོ་ཚུ་ ལེགས་ཤོས་དང་ དྲག་ཤོས་ཡོདཔ་ལས་ དེ་བ་དྲགཔ་འཚོལ་ནི་དེ་ ལཱ་ཁག་འདུག་ཟེར་གསུངས་ཡི།
ཨིན་རུང་ འདེམས་ངོ་གསརཔ་༡༡ ཚབ་བཙུགས་དགོ་པའི་ རྒྱུ་མཚན་ཁག་ཆེ་ཏོག་ཏོ་ ལེ་ཤ་ཡོད་མིའི་གྲས་ལས་ གཅིག་ གཟུགས་ཁམས་འཕྲོད་བསྟེན་དེ་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ ད་ལྟོ་ གོ་གནས་ཁར་ཡོད་མི་ འཐུས་མི་༡༡ གི་དོན་ལུ་ འདེམས་ངོ་གསར་བཙུགས་འབད་མི་དེ་གིས་ ཚོགས་པ་ལུ་ གནོད་པ་རྩ་ལས་ མི་འབྱུང་ཟེར་ཨིནམ་ད་ དེ་ཡང་ ཚོགས་པའི་འཐུས་མི་ཚུ་ག་ར་ དད་དམ་ཐོག་ལས་ ཕྱག་ཞུ་མི་ཙང་ཙ་ཨིན་ཟེར་གསུངས་ཡི།
བློན་ཆེན་གྱིས་ དཔེ་བཟུམ་ཅིག་སྦེ་ གསུངས་མིའི་ནང་ མོང་སྒར་སྐྱེངས་མཁར་-ཝེ་རིང་ལ་འདེམས་ཁོངས་ཀྱི་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ བསོད་ནམས་དཔལ་འབྱོར་གྱིས་ ཁོ་གི་ཚབ་ལུ་ འདེམས་ངོ་གསརཔ་ཐོན་མི་ རིག་འཛིན་རྒྱ་མཚོ་ལུ་ རྒྱབ་སྐྱོར་ཧྲིལ་བུ་འབད་དོ་བཟུམ་ འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ངོ་གཞན་ཚུ་ གསལ་བསྒྲགས་འབདཝ་ད་ རྒྱབ་སྐྱོར་གྱི་ ངོས་ལེན་དེ་སྦེ་ར་  འབྱུང་འོང་ཟེར་ཨིན་པས།
འདེམས་ངོ་གསརཔ་༡༡ གི་གྲས་ལས་ མགར་ས་རྫོང་ཁག་ ལ་ཡ་འདེམས་ཁོངས་ལས་ རྡོ་རྗེ་མཁའ་འགྲོ་དང་ བྱང་ཐིམ་ཕུའི་འདེམས་ཁོངས་ལས་ བློན་པོ་ཨྱོན་ཚེ་རིང་གི་ཚབ་སྦེ་ འབྲུག་རྒྱུ་ནོར་གཞི་བཟུང་ལས་སྡེའི་ ཨིན་ཕ་ར་བཀོད་ཁྱབ་གཙོ་འཛིན་ ཀུན་དགའ་ཚེ་རིང་བཙུགས་ནི་དང་ སྐྱེངས་མཁར་–ཝེ་རིང་ལ་འདེམས་ཁོངས་ཀྱི་འཐུས་མི་ བསོད་ནམས་དཔལ་འབྱོར་གྱི་ཚབ་ལུ་ རིག་འཛིན་རྒྱ་མཚོ་དེ་ འདེམས་ངོ་སྦེ་ ངོས་ལེན་གྲུབ་པའི་ གསལ་བསྒྲགས་འབད་ཚར་ཡོདཔ་ཨིན།
དེ་འབདཝ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ངོ་༨ གསར་བཙུགས་ཀྱི་ གསལ་བསྒྲགས་མ་འབད་མི་ཚུ་གི་གྲས་ལས་ གོ་གནས་ཁར་ཡོད་མི་ བཀྲིས་སྒང་བཀང་ལུང་-ཨུ་མཛོ་རོང་འདེམས་ཁོངས་ཀྱི་འཐུས་མི་ བློན་པོ་མི་འགྱུར་རྡོ་རྗེ་དང་ ར་སྡི་-སག་སྟེང་འདེམས་ཁོངས་ཀྱི་འཐུས་མི་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་༢ ཀྱི་ རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་དང་འབྲེལ་བའི་ རྩོད་བཤེར་གྱི་ བྱ་རིམ་ཚུ་ མཇུག་མ་བསྡུ་བར་ཡོདཔ་ལས་ འདེམས་ངོ་གསརཔ་༢ བཙུགས་དགོཔ་འཐོན་ནི་ཨིན་པས།
དེ་ལས་ ད་ལྟོ་ གཏན་འཁེལ་མ་འགྱོ་བར་ཡོད་མི་ འདེམས་ངོ་གཞན་ཚུ་ཡང་ སྤུ་ན་ཁ་དཀར་སྦྱིས་-རྟ་ལོག་འདེམས་ཁོངས་ཀྱི་འཐུས་མི་ ཚེ་རིང་དཔལ་འབྱོར་གྱི་ཚབ་ལུ་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་དང་ དགེ་ལེགས་ཕུག་འདེམས་ཁོངས་ཀྱི་འཐུས་མི་ པེ་རེམ་གུ་རུང་གི་ཚབ་ལུ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཀརྨ་དོན་ལྡན་དབང་འདུས་ གཞལམ་སྒང་བར་དོ་-ཀྲོང་འདེམས་ཁོངས་ཀྱི་འཐུས་མི་ ཚེ་རིང་རྡོ་རྗེའི་ཚབ་ལུ་ སོ་ནམ་ལས་འགུལ་མདོ་ཆེན་བགྲེསཔ་ མགོན་པོ་ཚེ་རིང་ དེ་ལས་ ཧཱ་སྦྱིས་-དཀར་འཚོ་-དབུས་སུ་འདེམས་ཁོངས་ཀྱི་འཐུས་མི་ ཨྱོན་བསྟན་འཛིན་གྱི་ཚབ་ལུ་ དྲགོས་ཌོག་ཊར་དགའ་མདོག་ཚེ་རིང་འོང་ནི་ཨིན་པས།
དེ་ལས་ བསམ་རྩེ་རྫོང་ཁག་ དཔག་ལི་-བསམ་རྩེ་འདེམས་ཁོངས་ཀྱི་འཐུས་མི་ པར་ལཱད་གུ་རུང་དང་ རྩི་རང་རྫོང་ཁག་ པ་ཏ་ལ་-རྩི་རང་སྟོད་འདེམས་ཁོངས་ཀྱི་འཐུས་མི་ ནར་བྷ་དུར་གུ་རུང་༢ ཀྱི་ཚབ་ལུ་ འདེམས་ངོ་གསརཔ་བཙུགས་ནི་ཨིན་པའི་ ལོ་རྒྱུས་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment