གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྕོགས་གྲུབ་འདྲ་མཉམ་ཡོདཔ་ལས་ ཚོགས་རྒྱན་ག་ལུ་བཙུགས་ནི་ཨིན་ན་ མ་ཤེས་པར་ཡོདཔ།

༡༨/༤/༢༠༡༣   ༉ མོང་སྒར་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ སྤྱི་ཟླ་༤ པའི་ཚེས་༡༦ ལུ་ མི་མང་རྩོད་འགྲན་འབད་བའི་སྐབས་ལུ་ འདེམས་ངོ་༣ ཆ་ར་གི་ གསལ་བཤད་འབད་ཐངས་ཀྱི་ ལྕོགས་གྲུབ་ལུ་ལྟ་སྟེ་ མི་སེར་ཚུ་ ཧ་ལས་དགོཔ་བྱུངམ་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ག་ལུ་ ཚོགས་རྒྱན་བཙུགས་ནི་ཨིན་ན་ མ་ཤེསཔ་ཐལ་སོ་ཡི་ཟེར་ཨིན་པས།


དེ་ཡང་ མོང་སྒར་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ རྒྱང་བསྒྲགས་དངོས་མཐོང་གི་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ལུ་ ཁྲོམ་ཁར་སྡོད་མི་༢༠༠ དེ་ཅིག་གིས་ གྲལ་གཏོགས་འབད་ཡོདཔ་ད་ དེ་བསྒང་ མི་སེར་ཚུ་གིས་ བསམ་འཆར་བཤད་མིའི་ནང་ འདེམས་ངོ་༣ ཆ་རའི་ ལྕོགས་གྲུབ་ལུ་ལྟ་སྟེ་ ངལ་རངས་སྦོམ་བྱུང་ཡི་ཟེར་ཨིན་པས།
སྐྱེས་ལོ་༤༠ ལང་མི་ ཀུན་བཟང་གིས་ སླབ་མིའི་ནང་ འདེམས་ངོ་གསུམ་གྱི་ཁ་ཐུག་ལས་ མི་སེར་ཚུ་ལུ་ བསྐུལ་བསྒྲགས་འབད་མི་དེ་ ཧ་ལམ་ མཇུག་བསྡུ་ཡོདཔ་ལས་ ཁོང་༣ ཆ་ར་ལུ་ ལྕོགས་གྲུབ་འདྲ་མཉམ་ཡོདཔ་ མཐོང་ཡོདཔ་ལས་ ཚོགས་རྒྱན་ག་ལུ་བཙུགས་ནི་ཨིན་ན་ མི་ཤེས་པས་ཟེར་ཨིནམ་ད་ ཨིན་རུང་ ཚོགས་རྒྱན་གྱི་ཉིནམ་ལུ་ རང་མོས་རྣམ་དག་གི་ཐོག་ལས་ བཙུགས་ནི་ཨིན་ཟེར་ཨིན་པས།
སོ་ནམ་པ་ བསྟན་འཛིན་གྱིས་འབད་བ་ཅིན་ འཐུས་མི་ག་ར་ ལྕོགས་གྲུབ་འདྲ་མཉམ་ཡོདཔ་ལས་ ཁོ་གི་བསམ་འཆར་ལས་འབད་བ་ཅིན་ ཚོགས་རྒྱན་མ་བཙུགས་པའི་ཧེ་མར་ དོ་འགྲན་པ་༣ གྱི་པར་དེ་ ཧང་གི་འོག་ལུ་ བཙུགས་ཞིནམ་ལས་ གཉིད་ལམ་གྱི་ རྟགས་པ་ལུ་ལྟ་སྟེ་ བཙུགས་དགོཔ་བཟུམ་ཅིག་ཡང་ མཐོངམ་མས་ཟེར་ཨིན་པས།
མོང་སྒར་རྫོང་ཁག་ལས་ དུས་ཅི་ སྤྱི་ཚོགས་༢ པའི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེ་ནང་ དོ་འགྲན་འབད་མི་ འདེམས་ངོ་༣ ཡོདཔ་ད་ དེ་ཡང་ ས་གླིང་རྒེད་འོག་གི་འདེམས་ངོ་ གནས་ཆུ་གིས་ སླབ་མིའི་ནང་ ཁོ་གིས་ གལ་སྲིད་བཙག་འཐུ་འགྲུབ་པ་ཅིན་ ཁོ་རའི་ལོ་༥ གི་ ཉམས་མྱོང་ཐོབ་མི་དང་འཁྲིལ་ རྒྱལ་ཁབ་ཀྱི་རང་བཙན་དང་ བདེ་སྲུང་ལུ་ཕན་པའི་ ཁྲིམས་དང་སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་དེ་ ལེགས་བཅོས་འབད་ནི་ཟེར་ཨིན་པས།
དེ་མ་ཚད་ འདས་པའི་ལོ་༥ འི་རིང་ལུ་ ཁོ་གིས་ མོང་སྒར་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ བཅའ་མར་གཏོགས་པའི་སྐབས་ལུ་ རྫོང་ཁག་གི་རྒེད་འོག་༡༧ དང་ སྤྱི་འོག་༨༥ ལྷགཔ་ཅིག་ཡོད་མི་ཚུ་ནང་ལྷོད་དེ་ མི་སྡེའི་དཀའ་ངལ་ཚུ་ཡང་ ལེགས་ཤོམ་སྦེ་ར་ ཧ་གོ་ཡོདཔ་ལས་ ད་ལས་ཕར་ གཞུང་དང་ མི་སེར་ཚུ་ལུ་ ཕྱག་སྦོམ་སྦེ་ར་ ཞུ་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ སྔ་ཚང་རྒེད་འོག་གི་འདེམས་ངོ་ བསོད་ནམས་དབང་ཕྱུག་གིས་ གལ་སྲིད་བཙག་འཐུ་འགྲུབ་པ་ཅིན་ རྒྱལ་ཁབ་ནང་གི་ཁྲིམས་ཚུ་ དུས་ཚོད་དང་བསྟུན་པའི་ཁྲིམས་བཟོ་ནི་ཟེར་ཨིནམ་ད་ མི་ཚུ་གིས་འབད་རུང་ ན་གཞོན་ཨིན་མས་ཟེར་ མནོ་བསམ་མ་བཏང་པར་ དཔེ་མི་དབང་འབྲུག་རྒྱལ་༤ པ་མཆོག་དང་ འབྲུག་རྒྱལ་༥ པ་མཆོག་ལུ་བལྟ་ཞིནམ་ལས་ ན་གཞོན་ཚུ་ལུ་ རྒྱབ་སྐྱོར་འབད་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
ཁོ་ར་ བཙག་འཐུ་འགྲུབ་པ་ཅིན་ མི་སེར་ཚུ་གིས་ ས་ཞིང་ཚུ་ ལག་ལེན་འཐབ་སྟེ་ རང་མགོ་རང་འདྲོངས་བཟོ་ཐབས་ལུ་ མི་སྡེའི་དཔལ་འབྱོར་གོང་འཕེལ་ལྟེ་བ་ཅིག་ མོང་སྒར་ལུ་ གཞི་བཙུགས་འབད་དེ་ མི་སེར་ཚུ་གིས་ སོ་ནམ་གྱི་ལཱ་ལུ་ སེམས་ཤུགས་བསྐྱེད་བཅུག་ནི་དང་ ས་གནས་གཞུང་ལུ་ དངུལ་འབྲེལ་གྱི་དབང་ཚད་སྦོམ་སྤྲོད་ཐབས་ བཟོ་ནི་ཟེར་ཨིན་པས།
དེ་བཟུམ་སྦེ་ ན་རང་རྒེད་འོག་ལས་ འདེམས་ངོ་བསོད་ནམས་དབང་ཆེན་གྱིས་ སླབ་མིའི་ནང་ གལ་སྲིད་ཁོ་ར་ བཙག་འཐུ་འགྲུབ་པ་ཅིན་ ཤེས་རིག་གི་སྤུས་ཚད་ ལེགས་ཤོམ་བཟོ་ནི་དང་ ཁྲིམས་ག་ཅི་ར་ བསྐྱར་ཞིབ་འབད་ནི་དང་འབྲེལ་ ཁྲིམས་ཚུ་ག་ཅི་ར་བརྩམ་རུང་ སྤུས་ཚད་ཅན་བརྩམ་སྟེ་ རྒྱལ་ཁབ་ཀྱི་ འཕྲལ་ཕུགས་༢ ཀྱི་བདེ་ཐབས་བཟོ་ནི་ཟེར་ཨིན་པས།
གལ་སྲིད་ ཁོ་ར་ བཙག་འཐུ་འགྲུབ་པ་ཅིན་ ད་རེས་ཁོ་གིས་ མི་སེར་ཚུ་ལུ་ ཁས་བླངས་ཕུལ་མི་དེ་ མི་སེར་ཚུ་གིས་ བློ་འགྱོད་བསྐྱེད་ཐབས་མེདཔ་ཅིག་ ཕྱག་ཞུ་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment