གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དངུལ་བསྐྱི་ལེན་གྱི་ རྩོད་རྙོགས་ཡར་སེང་འགྱོ་དོ་ཡོདཔ།

༡༨/༤/༢༠༡༣   ༉ ཐིམ་ཕུ་ཁྲིམས་ཀྱི་འདུན་སར་ དངུལ་གྱི་རྩོད་རྙོགས་ཚུ་ ལོ་གཅིག་བ་ལོ་གཅིག་ ཡར་སེང་འགྱོ་དོ་ཡོདཔ་བཞིན་དུ་ ཁྲིམས་ཁྲི་༣ པའི་ནང་ བཟུམ་ཅིག་འབད་བ་ཅིན་ ན་ཧིང་ལོ་གཅིག་ནང་ དངུལ་གྱི་རྩོད་རྙོགས་༩༦ ཐོ་བཀོད་འབད་ཡོད་མི་དང་ཕྱདཔ་ད་ དུས་ཅི་ ཟླ་ངོ་༣ གྱི་ནང་འཁོད་ལུ་ དངུལ་གྱི་རྩོད་རྙོགས་༣༦ ཐོ་བཀོད་འབད་ཡོདཔ་ཨིན་པས།


དེ་ཚུ་གི་གྲས་ལས་ རྩོད་རྩ་སྤྲུལ་སྐུ་ཀརྨ་ལས་ རྩོད་ཟླ་འགྱུར་མེད་སངས་རྒྱས་དབང་འདུས་ཀྱིས་ དངུལ་ཀྲམ་༤,༥༢༤,༠༠༠ བསྐྱི་ཡོད་པའི་སྐོར་ལས་ ཁོང་ར་གཉིས་ཀྱི་བར་ན་ སྤྱི་ལོ་༢༠༡༢ ཟླ་༩ པའི་ཚེས་༡༨ ལུ་ དཔང་པོ་བཙུགས་ཐོག་ལས་ གན་ཡིག་ བཟོ་ཡོདཔ་ཨིན་པས།
ཁྲིམས་འདུན་ལས་ འཁྲུན་ཆོད་དང་འཁྲིལཝ་ད་ རྩོད་ཟླ་འགྱུར་མེད་སངས་རྒྱས་དབང་འདུས་ཀྱིས་ མ་དངུལ་གྱི་ ངོ་བོ་ ལེན་ལེནམ་མེན་པར་ སྐྱེད་དང་སྐྱེད་ཅུང་རྩིས་བསྡོམས་ཐོག་ལས་ ངོ་བོ་དངུལ་ཀྲམ་༤,༥༢༤,༠༠༠ བཟོ་ཡོདཔ་མ་གཏོགས་ སྤྱིར་བཏང་ དངུལ་ཀྲམ་འབུམ་༡༥ ལེན་མི་གུ་ གན་རྒྱ་ཚར་༤ བཟོ་བའི་ཤུལ་ལུ་ བཟོ་བཟོཝ་ཨིན་ཟེར་ཨིན་པས།
དངུལ་གྱི་ ངོ་བོ་དངུལ་ཀྲམ་འབུམ་༡༥ ཨིན་པའི་ སྒྲུབ་བྱེད་དང་ དཔང་པོའི་ངག་བརྗོད་ནང་ དྭངས་གསལ་ཕུལ་ཕུལཝ་མེདཔ་མ་ཚད་ ད་ལྟོའི་ རྩོད་དོན་དང་ འབྲེལ་བ་མེདཔ་ལས་ ཁྲིམས་འདུན་གྱིས་ ཆ་འཇོག་འབད་ཐབས་མིན་འདུག་ཟེར་ འཁྲུན་ཆོད་ནང་བཀོད་ཡོདཔ་ཨིན་པས།
ངོ་བོ་དངུལ་ཀྲམ་༤,༥༢༤,༠༠༠ བསྐྱི་ཡོདཔ་སྦེ་བཟོ་མི་དེ་ རྩ་ཕན་གཉིས་ཀྱི་བར་ན་ མཐའན་མཇུག་གི་ གན་རྒྱ་ཨིནམ་མ་ཚད་ ཁོང་ར་གཉིས་ དང་བླང་དང་ དྲན་ཤེས་བརྟན་པོ་སྦེ་ སྡོད་པའི་སྐབས་ བཟོ་ཡོདཔ་ལས་ རྒྱབ་མི་གི་ མིང་རྟགས་རྐྱབ་པའི་སྐབས་ལུ་ ཁོང་༢ ཀྱི་བར་ན་ ཉོགས་བཤད་མི་ཐོན་ཟེར་སླབ་སྟེ་ མིང་རྟགས་རྐྱབ་ཅི་ཟེར་ཨིན་པས།
ཁྲིམས་ཀྱི་ འདུན་ས་ལས་ ཧེ་མའི་ གན་རྒྱ་བཟོ་ཡོད་མི་ཚུ་ དེ་ནང་འབྲེལ་བ་མེདཔ་སྦེ་ མཐོང་གསལ་བྱུང་ཡོདཔ་ལས་ མཇུག་ལུ་བཟོ་མི་གན་རྒྱ་ དངུལ་ཀྲམ་༤,༥༢༤,༠༠༠ སྤྲོད་དགོཔ་སྦེ་ཡོད་མི་དེ་ལུ་ ཆ་གནས་ཅན་སྦེ་རྩིས་ཏེ་ རྩོད་ཟླ་གིས་ རྩོད་རྩ་ལུ་ བསྒུལ་ཅན་དང་བསྒུལ་མེད་བཅའ་ཁྲིམས་ཀྱི་ དགོངས་དོན་དང་འཁྲིལ་ཏེ་ ལོ་འཁོར་སྐྱེད་ བརྒྱ་ཆ་༡༥ ཕོག་མི་ལས་ ད་ཚུན་ ཟླ་ངོ་༦ གི་སྐྱེད་དངུལ་ཀྲམ་༣༠,༡༨༠༠ འཁྲུན་ཆོད་གནང་བའི་ཉིནམ་ལས་འགོ་བཙུགས་ཏེ་ ཟླ་ངོ་༦ གི་ནང་འཁོད་ལུ་ ཚང་སྒྲིགས་སྦེ་ སྤྲོད་དགོཔ་ཨིན་པས།
རྩོད་ཟླ་གིས་ རྩོད་རྩ་ལུ་ དངུལ་ཀྲམ་འབུམ་༥ དེ་ ལོག་སྤྲོད་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ལས་ ལྷག་ལུས་དངུལ་ཀྲམ་༤,༠༢༤,༠༠༠ དང་ སྐྱེད་རྩིས་རྐྱབ་སྟེ་ སྤྲོད་དགོཔ་ཨིན་པས།
ཨིན་རུང་ རྩོད་ཟླའི་ཁ་ཐུག་ལས་ ཐིམ་ཕུ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༣ པ་ལས་གནང་བའི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ སྤྱི་ཟླ་༤ པའི་ཚེས་༡༦ ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment