གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འགྲུལ་འཕྲིན་གྱི་ཞབས་ཏོག་ ཏན་ཏན་མེད་མི་ལུ་བརྟེན་ དབུགས་འགམ་བྱུང་དོ་ཡོདཔ།

༡༧/༤/༢༠༡༣    ༉ བསམ་གྲུབ་ལྗོངས་མཁར་ལུ་ འཕྲལ་འཕྲལ་སྦེ་ར་ བི་མོ་བཱ་ཡེལ་གྱི་ འགྲུལ་འཕྲིན་ཞབས་ཏོག་ལུ་ དཀའ་ངལ་བྱུང་མི་ལུ་བརྟེན་ བསམ་གྲུབ་ལྗོངས་མཁར་ལུ་སྡོད་མི་ཚུ་ དབུགས་འགམ་པའི་གཞི་གནད་ཅིག་ལུ་ གྱུར་དོ་ཡོདཔ་ཨིན་པས།


དེ་ཡང་ གློག་ཤུགས་དང་གཅིག་ཁར་ ཆརཔ་ཤུགས་སྦེ་ རྐྱབ་པའི་སྐབས་ལུ་ གློག་ཤུགས་ཀྱིས་ གློག་མེ་མེད་པའི་ དཀའ་ངལ་ཐོནམ་དང་འབྲེལ་ འགྲུལ་འཕྲིན་གྱི་ཞབས་ཏོག་དེ་ཡང་ མེདཔ་བཟོ་དོ་ཡོདཔ་ཨིན་པས།
ཞི་གཡོགཔ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཞབས་ཏོག་དེ་ དཀའ་ངལ་ཅན་ཅིག་ལུ་ འགྱོ་དོ་ཡོད་པའི་ཁར་ འགྲུལ་འཕྲིན་ནང་ ཞབས་ཏོག་གི་བརྡ་སྟོན་འབད་རུང་ ཞབས་ཏོག་སྤྱོད་པའི་སྐབས་ བར་ན་ལས་ ཆད་འགྱོ་ནི་འདུག་ཟེར་ཨིན་པས།
དབུགས་འགམ་བྱུང་མི་ ཞི་གཡོགཔ་ཅིག་གིས་འབད་བ་ཅིན་ དཀའ་ངལ་དེ་ གཞན་རྫོང་ཁག་ནང་ཡོདཔ་ཨིན་ན་ མ་ཤེས་རུང་ འབྲུག་བརྒྱུད་འཕྲིན་གྱིས་ ཞབས་ཏོག་དེ་ སྤྱོད་ནི་ཡོདཔ་ཅིག་ བཟོ་དགོཔ་འདུག་ཟེར་ ཁོ་རའི་ཧེམ་ཅུ་ནང་ལས་ འགྲུལ་འཕྲིན་བཏོན་ཏེ་ གློ་བུར་གྱི་རྐྱེན་ངན་རེ་འབྱུང་པ་ཅིན་ འབྲུག་བརྒྱུད་འཕྲིན་ལུ་ བློ་གཏད་མི་ཚུགས་པས་ཟེར་ སླབ་ཨིན་པས།
ཀུན་ལེགས་ཀྱིས་ འབྲུག་བརྒྱུད་འཕྲིན་གྱི་ཞབས་ཏོག་དེ་ བརྟན་ཏོག་ཏོ་ཅིག་ཡོདཔ་འོང་མནོ་སྟེ་ སྤྱོད་ནི་འགོ་བཙུགས་ཡོདཔ་ཨིན་རུང་ ད་ལས་ཕར་ བཀྲ་ཤིས་བརྒྱུད་འཕྲིན་སྤྱོད་ནི་ འགོ་བཙུགས་དགོ་པས་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་ལུ་ཡོད་མི་ འབྲུག་བརྒྱུད་འཕྲིན་ཚད་ཀྱི་ ལུང་ཕྱོགས་འཛིན་སྐྱོང་འགོ་དཔོན་ ར་བི་ལཱལ་ པོག་རེལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ འདས་པའི་ཞག་དག་པ་ཅིག་ནང་ བདེ་བ་ཐང་ལུ་ཡོད་མི་ ཞབས་ཏོག་གི་ལྟེ་བ་དེ་ནང་ ཞབས་ཏོག་བཀྲམ་སྤེལ་གྱི་ ཅ་ཆས་གསརཔ་བཙུགས་ནིའི་དོན་ལུ་ སྒོ་བསྡམས་ཏེ་ བཞག་དགོཔ་ཐོན་མི་ལུ་བརྟེན་ ཨིནམ་སྦེ་བཤད་ཅི།
ཁོ་གིས་ ཆརཔ་གི་དུས་ཚོད་རན་དོ་ཡོདཔ་ལས་ ད་ལས་ཕར་ དེ་བཟུམ་མའི་དཀའ་ངལ་དེ་ འཕྲལ་འཕྲལ་སྦེ་ར་ འཐོན་འོང་ཟེར་ཨིནམ་ད་ ཆརཔ་རྐྱབ་པའི་སྐབས་ གློག་ཤུགས་ཀྱིས་ ཐགཔ་ཚུ་མེདཔ་གཏང་ནི་འདུག་ཟེར་ཨིན་པས།
ཁོ་གིས་ མེདཔ་བཏང་མི་ཀཝ་དང་ཐགཔ་ཚུ་ ཉེ་འདབས་ལུ་འབད་བ་ཅིན་ དུས་ཚོད་ཁར་བཟོ་ཚུགས་རུང་ ཐག་རིང་སའི་ས་གནས་ནང་ མེདཔ་འགྱོ་མི་ཚུ་ འབད་བ་ཅིན་ ལོག་བཅོ་ནི་ལུ་ དུས་ཚོད་འགོར་འོང་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གིས་ ཌི་ཟིལ་གྱི་ཇེ་ནེ་རེ་ཊར་ བཙུགས་ཏེ་ཡོདཔ་ལས་ གློག་མེ་མེད་པའི་སྐབས་ལུ་ དཀའ་ངལ་དེ་ཅིག་ མི་ཐོན་ཟེར་ཨིན་པས།
ཁོ་གིས་ དཀའ་ངལ་དེ་གི་སྐོར་ལས་ བརྒྱུད་འཕྲིན་ལྷོད་པའི་ཤུལ་ལས་ ཁོང་གིས་ བཟོ་རིག་འགོ་དཔོན་ཅིག་ གླ་ཁར་ལེན་ཏེ་ཡོདཔ་ལས་ ཁོ་གིས་ ལྟ་ཞིབ་འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ ཤར་ཕྱོགས་ཀྱི་ རྫོང་ཁག་དྲུག་ནང་ ཞབས་ཏོག་ལྟེ་བ་༩༠ དེ་ཅིག་ཡོད་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment