གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་ བཙག་འཐུ་འབད་ནི་ལུ་ བསམ་ལན་སྣ་ཚོགས།

༉  རྒྱལ་ཡོངས་ཚོགས་སྡེ་གི་དོན་ལུ་ བཙག་འཐུ་འགོ་འདྲེན་འཐབ་ནི་གི་ ཞག་གྲངས་༡༠ ལས་བརྒལ་མེདཔ་ཨིན་རུང་ ལྷོ་མཚམས་ བསམ་རྩེ་རྫོང་ཁག་ནང་འབད་བ་ཅིན་ ཚོགས་རྒྱན་བཙུགས་མི་ཚུ་གིས་ བསམ་འཆར་སྣ་ཚོགས་བཀོད་དོ་ཡོདཔ་ཨིན་པས།
རྫོང་ཁག་དེ་ནང་གི་ མི་སེར་ཚུ་གིས་ ཁོང་གི་དོན་ལུ་ ཚོགས་སྡེའི་འཐུས་མི་ ག་བཟུམ་ཅིག་ བཙག་འཐུ་འབད་ནི་ཨིན་ན་ ཤེས་ཡོདཔ་ད་ ཚོགས་སྡེ་དང་ཚོགས་འདུའི་བར་ནང་གི་ཁྱད་པར་ཚུ་ལུ་ དོགས་པ་མེདཔ་ཨིན་པས།



འཕྲལ་ཁམས་ཅིག་ཁར་ རྒེད་འོག་ཅིག་ནང་ འཛོམས་འདུ་འགོ་འདྲེན་འཐབ་པའི་སྐབས་ བཙག་འཐུ་འགོ་དཔོན་ཅིག་གིས་ གཡུས་མི་ཅིག་ལུ་ ཁོ་གིས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ ནམ་ཨིན་ན་ཟེར་ དྲི་བའི་སྐབས་ ཁོ་གིས་ སྤྱི་ཟླ་༤ པའི་ནང་ཨིན་རུང་ ཚེས་གྲངས་ནམ་ཨིན་ན་ མི་ཤེས་ཟེར་སླབ་ད་ འཛོམས་འདུའི་ནང་ འོང་མི་ཚུ་ག་ར་ དགའ་དགོཔ་བྱུང་ཡོདཔ་ཨིན་པས།
ད་རུང་ བཙག་འཐུ་འགོ་དཔོན་གྱིས་ ཕོ་སྐྱེས་ཅིག་ལུ་ དྲི་བ་དྲིས་བའི་སྐབས་ ཁོ་གིས་ ཁོ་རའི་ཉེ་འདབས་ལུ་ཡོད་མི་ ཆ་རོགས་ལུ་ ལན་སླབ་གནང་ཟེར་སླབ་ད་ ཆ་རོགས་དེ་གིས་ཡང་ གཏན་གཏན་ཅིག་སླབ་ནི་མེདཔ་ཨིན་རུང་ སྐྱེས་ལོ་༢༠ ནང་འབད་མི་ ཕོ་སྐྱེས་ཅིག་གིས་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ཨིན་ཟེར་སླབ་ཅི།
སྐྱེས་ལོ་༤༠ ནང་འབད་མི་ ཨམ་སྲུ་ཅིག་གིས་ བཙག་འཐུའི་ཚེ་གྲངས་དེ་ གསལ་ཏོག་ཏོ་སྦེ་ སླབ་ཡོདཔ་ད་ གཞན་མི་ གཡུས་མི་ཅིག་གིས་ འདས་པའི་ཟླཝ་ནང་མེན་པར་ ཚོགས་སྡེ་གི་བཙག་འཐུ་དེ་ ཤུལ་མམ་གྱི་ ཟླཝ་ནང་ཨིནམ་ཤེས་ཅིག་ཟེར་སླབ་ཅི།
སྤྱིར་བཏང་གྲོས་འཛོམས་ནང་ མི་ཚུ་གིས་ ཁོང་གི་འདེམས་ངོ་ཚུ་གི་སྐོར་ལས་ ཤེས་རྟོགས་བྱུང་ཡོདཔ་ཨིན་རུང་ ཕྱེད་ཀ་དེ་ཅིག་གིས་ བཙག་འཐུ་གི་ཉིནམ་ནམ་ཨིན་ན་ ཤེས་ཡོད་པའི་ཁར་ ལ་ལུ་ཅིག་ ཁོང་ཆ་ཁྱབ་གྲོས་འཛོམས་ནང་ འོང་དགོཔ་སྦེ་ སླབ་ནི་དེ་གིས་ འོང་ཡི་ཟེར་ཨིན་པས།
འདེམས་ངོ་༧ ཡོད་མི་ཚུ་ རྡོ་ཕུག་ཅན་རྒེད་འོག་ལས་ ཆ་ཏར་པ་ཏི་ ཕུ་ཡེལ་ བསམ་རྩེ་ཁྲོམ་སྡེ་ལས་ ཁྱུང་བདུད་ཚེ་རིང་ པདྨ་གླིང་རྒེད་འོག་ལས་ དཱན་ཀུ་མར་དགའ་ལེགས་  བསམ་རྩེ་རྒེད་འོག་ལས་ གཱ་ནེཤ་གི་མི་རི་ གདན་ཅུ་ཁ་རྒེད་འོག་ལས་ ཁ་ར་དན་ད་ ད་ཀཱལ་ འོད་གསལ་རྩེ་རྒེད་འོག་ལས་ ན་ར་ཡཱན་དཱ་ཧཱལ་དང་ བསྟན་འབྲུ་རྒེད་འོག་ལས་ སངས་རྒྱས་མཁའ་གྲོ་ཚུ་ཨིན་པས།
ཚོགས་རྒྱན་བཙུགས་མི་ ལ་ལུ་ཅིག་གིས་ གྲོས་འཛོམས་དེ་ ག་ཅིག་གི་སྐོར་ལས་ཨིན་ན་ མ་ཤེས་མི་ཡང་ཡོདཔ་ད་ དེ་ཡང་ མང་ཤོས་ར་ ལོ་ན་རྒས་མི་ཚུ་གི་བར་ན་ བྱུང་ཡོདཔ་ཨིན་པས།
རྣམ་རྒྱལ་ཆོས་གླིང་རྒེད་འོག་ལས་ སྐྱེས་ལོ་༦༠ ལང་མི་ རམ་པར་སཏ་བཟུམ་ཅིག་འབད་བ་ཅིན་ ཁོ་གིས་ སྲིད་དོན་ཚོགས་པ་བཟུམ་སྦེ་ འདེམས་ངོ་ཚུ་ལས་ ཚོགས་པའི་ལྟ་བ་ཚུ་འཐོབ་ནིའི་ རེ་བ་སྐྱེདཔ་ཨིན་པས།
བསྟན་འབྲུ་ལས་ སྐྱེས་ལོ་༤༩ ལང་མི་ ཁར་ཀ་མ་ཡ་གིས་ ད་འབདན་ ཚོགས་སྡེ་གིས་ ཧེ་མ་ལས་ཡོད་པའི་ཁྲིམས་ཚུ་ བསྐྱར་ཞིབ་འབདཝ་ཨིནམ་ ཧ་གོ་ཡི་ཟེར་ཨིན་པས།
མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོགས་སྡེ་གི་འདེམས་ངོ་དེ་ ཚར་ཅིག་ བཙག་འཐུ་གྲུབ་པའི་ཤུལ་ལས་ རྒེད་འོག་གིས་ མཐོང་ས་མེདཔ་སྦེ་ སྡོད་མི་ཚུ་ ད་ལས་ཕར་མི་དགོ་པས་ཟེར་བཤད་ཡོདཔ་ད་ མི་སེར་ཚུ་གིས་འབད་རུང་ འཐུས་མི་དེ་ རྒེད་འོག་ནང་ གོང་འཕེལ་དང་ བདེ་སྐྱིད་འབག་འོང་མི་ཅིག་ དགོ་ནི་ཨིན་ཟེར་བཤད་ཅི།
སློབ་དཔོན་ཅིག་གིས་ ཚོགས་སྡེ་གིས་ གོང་འཕེལ་གྱི་ལཱ་འབད་ནི་ཨིན་ཟེར་སླབ་མི་དེ་ སྤྱིར་བཏང་ཁོང་ལུ་ཕོག་པའི་འགན་ཁུར་མེན་ཟེར་ བཤད་ཡོདཔ་ད་ སྐྱེས་ལོ་༤༣ ལང་མི་ ཀུ་མར་གཱ་ལེགས་ཀྱིས་ སྤྱི་ལོ་༢༠༠༨ ལུ་ འདེམས་ངོ་ཚུ་གི་ གདོང་ལུ་བལྟ་སྟེ་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་རུང་ དུས་ཅི་གི་ཚོགས་རྒྱན་དེ་ ཧེ་མ་བཟུམ་སྦེ་བཙུགས་ནི་མེན་ཟེར་ཨིན་པས།
བསམ་རྩེ་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་༤༡༥༩༦ ཡོདཔ་ད་ ཀུན་གསལ་གྱིས་ དྲི་བཀོད་འབད་མི་དང་འཁྲིལཝ་ད་ མང་ཤོས་ཅིག་གིས་ ཁོང་གི་འདེམས་ངོ་ཚུ་གི་སྐོར་ལས་ ཤེས་རྟོགས་བྱུང་ཡོདཔ་ཨིན་རུང་ འདེམས་ངོ་ག་ཨིན་ན་ ངོས་འཛིན་འབད་མི་ཚུགས་པས་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment