གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་དཔོན་གྱི་ སྙན་གསན་མཇུག་བསྡུ་ཡོདཔ།

ངན་ལྷད་བཀག་སྡོ་ལྷན་ཚོགས་ཀྱི་ ངོ་ཚབ་ཚུ་ 
ཚོགས་དཔོན་གྱི་ བཤེར་ལན་ཕུལ་ནིའི་དོན་ལུ་ 
ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་
 ཁྲིའི་ནང་འཛུལ་བའི་བསྒང་།
༡༣/༠༤/༢༠༡༣  ༉ ཆེ་མཐོ་ཁྲིམས་འདུན་ལུ་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ མཐོ་གཏུགས་འབད་དགོ་པའི་ གནད་དོན་ག་ཅི་ཨིན་ན་ བཤེར་ཡིག་ཕུལ་མི་ལུ་ ཁ་ཙ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བཤེར་ལན་ཕུལ་བའི་ཤུལ་ལུ་ རྩ་ཕན་གཉིས་ཆ་ར་གིས་ སྙན་གསན་མཚམས་འཇོག་འབད་ནི་སྦེ་ གྲོས་འཆམ་བྱུང་ཡི།


ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱི་རྒྱབ་མི་ ཆོས་གྲགས་ཀྱིས་ སྤྱི་ཟླ་༤ པའི་ཚེས་༨ ལུ་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པའི་སྐོར་ གསལ་ཞུ་འབད་བའི་ཉིན་མར་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་དང་ མོང་སྒར་ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་༡༣ གྱི་ མཐའ་བསྡོམས་སྙན་གསན་མཛད་ཅི།
རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་དང་འབྲེལ་བའི་ རྩོད་དོན་༢ ཆ་རའི་ སྙན་གསན་ཚུ་ མཇུག་བསྡུ་མི་དེ་ཡང་ རྩོད་ཟླ་དང་ རྩོད་རྩ་གཉིས་ཆ་ར་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ ཞུ་མི་གནད་དོན་ཚུ་ ཐོག་མའི་ཁྲིམས་འདུན་ལུ་ ནན་བསྐྱར་དུ་ རྩོད་འགྲན་འབད་ནི་དེ་གིས་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱིས་ རྩོད་དོན་དེ་གཉིས་ཀྱི་ འཁྲུན་ཆོད་དེ་ ནམ་གནང་ནི་ཨིན་ན་ ཚེས་གྲངས་གསལ་བསྒྲགས་འབད་ཡོད་རུང་ ཁྲིམས་གཏུགས་ཀྱི་ བྱ་རིམ་དང་ བསྐྱར་ཞིབ་ཚུ་ ཉིན་གྲངས་༡༠ ནང་འཁོད་ལུ་ མཇུག་བསྡུ་འོང་ཟེར་ གསལ་བཤད་འབད་ཡི།
ཚོགས་དཔོན་གྱི་ རྒྱབ་མི་གིས་ ཁེ་རྒུད་མ་བཏུབ་མིའི་ གནད་དོན་གཙོ་བོ་ར་ མོང་སྒར་རྒྱལ་པོའི་ཞིང་ལས་ མི་ངོ་༢༣ ལུ་ ཚུལ་མིན་ཐོག་ལས་ ས་ཆ་བདག་དབང་གི་ ཆ་འཇོག་ལག་ཁྱེར་སྤྲོད་ནུག་ཟེར་ ཁྲིམས་གཞུང་ཆེན་མོ་ན་༡-༢ པའི་དགོངས་དོན་ལྟར་ བཙོན་ཁྲིམས་ལོ་༢ དང་ཟླཝ་༦ བཀལ་མི་ལུ་བརྟེན་ཨིན་ཟེར་ཞུ་མིའི་ བཤེར་ལན་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ངོ་ཚབ་ཀྱིས་འབད་བ་ཅིན་ ཚོགས་དཔོན་གྱིས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་སྤྲོདཔ་ད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་༡༩༨༧ ལུ་ ས་ཆའི་ཁྱད་ཚད་དང་ ལམ་སྟོན་གནང་མི་ བཀའ་རྒྱ་དེ་ སྣང་མེད་རྒྱབ་སྐྱུར་བཞག་ཡོད་པའི་ཁར་ ཞབས་ཏོག་ལྷན་ཁག་གིས་ གཞུང་ལས་གནང་བ་མ་གནང་ཚུན་ རྫོང་ཁག་ནང་ ས་སྤྲོད་ནི་དང་ ཐོ་བཀོད་འབད་ནི་ཚུ་ག་ར་ ཕར་ཕུད་རྐྱབ་སྟེ་བཞག་དགོ་པའི་ ཁྱབ་བསྒྲགས་ལུ་ཡང་ མ་གནས་པས་ཟེར་ཨིན་པས།
ད་རུང་ ས་ཆ་ཚུ་ གཞུང་གིས་ ཆ་འཇོག་གནང་ཡོད་པའི་ ཚད་གཞི་དང་ ལམ་སྟོན་ཚུ་དང་འཁྲིལ་ སྤྲོད་མི་ཚུ་ ཚོགས་དཔོན་ཁོ་ར་གིས་ ཐག་རང་བཅད་ཐོག་ལས་མིན་པར་ ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་ཚུ་ ངོ་འཛོམས་ཐོག་ སྤྲོད་ཡོདཔ་སྦེ་ ཞུ་མི་དེ་ རྩ་ལས་མ་བདེན་མི་དེ་ཡང་ ཚོགས་དཔོན་གྱིས་ ཐོབ་ལམ་ཡོད་མི་ཚུ་ལུ་ སའི་རྒྱ་ཚད་ཆུང་ཀུ་དང་ ཐོབ་ལམ་མེད་མི་ཚུ་ལུ་ སའི་རྒྱ་ཚད་སྦོམ་སྦེ་ སྤྲོད་ཡོདཔ་མ་ཚད་ ཁ་རྗེའི་རྒྱན་ཤོག་འཐུ་བར་ མ་ལྷོད་མི་ཚུ་ལུ་ ས་ཆ་སྤྲོད་མི་དེ་ ཚོགས་ཆུང་གིས་  ཐག་བཅད་ཡོདཔ་སྦེ་ བཟོ་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༠༡ ཟླཝ་༦ པའི་ཚེས་༡ ལུ་ བགོ་བཀྲམ་འབད་མི་ ཁྲོམ་ས་དེ་ ཚོགས་ཆུང་གིས་ ཁ་རྗེའི་རྒྱན་ཤོག་འཐུ་ཐོག་ལས་ བགོ་སྤྲོད་འབད་ཡོད་རུང་ མི་ངོ་མང་ཤོས་ར་ རྫོང་ཁག་གི་ ཁྱབ་བསྒྲགས་སྤེལ་ཡོད་པའི་ དུས་ཚོད་ལུ་ ལྷོད་མ་ཚུགས་པར་ ལུས་ཡོདཔ་ལས་ ཐོ་དང་འཁྲིལ་བ་ཅིན་ ཁྱིམ་སའི་དོན་ལུ་ ཞུ་ཡིག་བཙུགས་མི་༩༠ ཡོད་མི་ལས་༦༧ མ་ལྷོད་པའི་ཁར་ མི་ངོ་༤ གི་རྒྱན་ཤོག་སྟོངམ་འཐུ་ཡོདཔ་ད་ མི་ངོ་༤ ལུ་ སྔོན་མངགས་འབད་བཞག་ཡོད་པའི་གུ་༡༥ ལུ་ ཁྱིམ་ས་བགོ་བཀྲམ་འབད་ཡོདཔ་བཞིན་དུ་ ཚོང་འབྲེལ་ས་ཆའི་དོན་ལུ་ ཞུ་ཡིག་བཙུགས་མི་༤༣ ཡོད་ས་ལས་༡༩ མ་ལྷོད་པས་ཟེར་ཨིན་པས།
དེ་ཚུ་གི་གྲས་ལས་ མི་ངོ་༢༠ ལུ་ ས་ཆ་བགོ་བཀྲམ་འབད་ཡོད་རུང་ ཁ་རྗེའི་རྒྱན་ཤོག་འགོ་འདྲེན་འཐབ་སྟེ་ ས་ཆ་བགོ་བཀྲམ་འབད་བའི་སྐབས་ལུ་ རྩོད་ཟླ་ཁོ་ར་མེད་རུང་ ཤུལ་ལས་ ཁོ་གིས་ དབང་ཚད་ལོག་སྤྱོད་འབད་དེ་ བགོ་བཀྲམ་འབདཝ་ད་ མ་ལྷོད་མི་དང་ དབང་ཚད་ཅན་གྱི་ མི་ཚུ་ལུ་ ས་ཆ་རྒྱ་སྦོམ་སྦེ་ སྤྲོད་ཡོདཔ་ལས་ ཀུར་རི་ཆུ་གློག་མེ་ལས་འགུལ་ལུ་ ས་ཆ་ཤོར་མི་ཚུ་ ས་མ་ཐོབ་པར་ལུས་ཏེ་ རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་དེ་ འདྲ་མཉམ་དང་ དྲང་བདེན་ཐོག་ མ་འབད་བས་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བཤེར་ལན་ཕུལ་ཡི།
དེ་མ་ཚད་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ མ་འོངས་པ་ལུ་ མི་རློབས་ཡར་འཕར་འགྱོཝ་ད་ ས་ཆ་དཀོན་དྲགས་འགྱོ་ནི་ལུ་ ཐུགས་ཀྱི་ཚ་གྱང་བཞེས་ཏེ་ བཀའ་ཤོག་དང་ བཀའ་རྒྱ་མང་རབས་ཅིག་ གནང་ཡོདཔ་མ་ཚད་ ཞབས་ཏོག་ལྷན་ཁག་དང་ རྫོང་བདག་སྤྱི་ཁྱབ་བརྒྱུད་དེ་ ས་ཆ་སྤྲོད་ཐངས་ཀྱི་ ཁྱབ་བསྒྲགས་སྤེལ་ཡོད་རུང་ མཐོ་གཏུགས་པ་གིས་ འདི་ཚུ་དང་མ་འཁྲིལ་བར་ མི་ངོ་གཞན་༢༡ མ་རྩིས་བར་ ཁོ་རའི་བུམོ་སྐྱེས་ལོ་༡༡ ལང་མི་དང་ ཁྱིམ་ནང་གཡོག་ལཱ་རྐྱབ་མི་ ཉི་མ་བཟང་མོའི་མིང་ཐོག་ཁར་ ས་ཆ་རྒྱ་ཚད་སྦོམ་སྦེ་ སྤྲོད་ནུག་ཟེར་ཨིན་པས།
དེ་ལས་ རྒྱབ་མི་གིས་ རྒྱལ་པོའི་ཞིང་གི་ ས་ཆ་དེ་ ས་གནས་ཀྱི་ མི་སེར་ཚུ་གི་ ཕན་ཐབས་ལུ་ བགོ་སྤྲོད་འབད་ནུག་ཟེར་ ཞུ་བའི་ལན་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ངོ་ཚབ་ཀྱིས་ ཞུ་མིའི་ནང་ དེ་སྦེ་ཨིན་པ་ཅིན་ ས་ཆའི་ཕན་ཐོགས་བྱུང་མི་ མང་ཤོས་ར་ ཐིམ་ཕུ་ལུ་སྡོད་མི་ དབང་ཚད་ཅན་དང་ འབྱོར་པ་ཅན་ཚུ་ཨིནམ་ལས་ ཁོང་ལུ་ ས་ཆ་སྤྲོད་དགོ་པའི་ གནད་དོན་ག་ཅི་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིནམ་ད་ ཁྲོམ་ས་ཚུ་ ས་གནས་ཀྱི་ མི་ཚུ་ལུ་ སྤྲོད་ཡོད་པ་ཅིན་ རྒྱལ་པོའི་ཞིང་དེ་ མ་འདྲཝ་སྦེ་ར་ ཡར་རྒྱས་འགྱོ་འགྱོ་འོང་ཟེར་ ཞུ་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment