གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐའི་ལེནཌི་གི་ སྲིད་བློན་འོག་མ་ རྒྱལ་ཁབ་ནང་ལྷོད་ཡོདཔ།

བློན་ཆེན་འཇིགས་མེད་འཕྲིན་ལས་མཆོག་གིས་ 
ཐའི་ལེནཌི་གི་ སྲིད་བློན་འོག་མ་དང་གཅིག་ཁར་ 
མཇལ་ཕྲད་གནང་པའི་བསྒང་།
༡༣/༠༤/༢༠༡༣  ༉ ཁ་ཙ་ ཐིམ་ཕུ་རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ ཐའི་ལེནཌི་གི་ སྲིད་བློན་འོག་མ་དང་ སོ་ནམ་དང་མཉམ་འབྲེལ་བློན་པོ་ཨིན་མི་ ཡུ་ཀཱོལ་ ལིམ་ལཱན་ཐོང་གིས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ མཇལ་ཕྲད་གནང་པའི་སྐབས་ ཁོ་གིས་ སོ་ནམ་དང་མཉམ་འབྲེལ་གྱི་གནད་དོན་ཚུ་ནང་ འཕྲོ་མཐུད་དེ་ར་ འབྲུག་ལུ་ རྒྱབ་སྐྱོར་སྒྲིང་སྒྲིང་འབད་ནི་གི་ ཁས་བླངས་ཡོད་ཟེར་ཨིན་པས།


ཉིན་གྲངས་༥ འི་རིང་ ལྟ་སྐོར་འབད་ནིའི་དོན་ལུ་ ཁ་ཙ་ རྒྱལ་ཁབ་ནང་ལྷོད་མི་ སྲིད་བློན་འོག་མ་ ཡུ་ཀཱོལ་ ལིམ་ལཱན་ཐོང་གིས་ སླབ་མིའི་ནང་ མ་གཞི་ སོ་ནམ་དང་འབྲེལ་བའི་གནད་དོན་ཚུ་ནང་གི་ མཉམ་འབྲེལ་དེ་ འདས་པའི་ལོ་ཚུ་ནང་ འགོ་བཙུགས་ཡོདཔ་ཨིན་རུང་ རྒྱབ་སྐྱོར་འབད་དགོ་པའི་ གནད་དོན་གསརཔ་ཚུ་ ལེ་ཤ་ཅིག་ར་ མཐོངམ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སོ་ནམ་གྱི་ཞིབ་འཚོལ་དང་ འཆར་གཞི་བཟོ་ནི་ སའི་སྤུས་ཚད་དང་བཀོད་རིས་ཀྱི་བརྟག་ཞིབ་འབད་ནི་ དེ་ལས་ ཐོན་སྐྱེད་དང་ ཚོང་འབྲེལ་གྱི་ འཆར་གཞི་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ ཐའི་གཞུང་གིས་གྲོགས་རམ་དང་ རྒྱབ་སྐྱོར་ཚུ་ བྱིན་ནི་ཨིན་ཟེར་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ འབྲུག་གི་ གོང་འཕེལ་བྱ་རིམ་ཚུ་ནང་ ཐའི་ལེནཌི་གིས་ བརྩེ་གདུང་ཅན་གྱི་ རྒྱབ་སྐྱོར་འབད་མི་དེ་ལུ་ བཀྲིན་དགའ་ཚོར་ སྦོམ་ཡོདཔ་མ་ཚད་ མི་སྟོབས་ཐོན་སྐྱེད་གོང་འཕེལ་དོན་ལུ་ ཐབས་རིག་གི་ མཉམ་འབྲེལ་དང་ རྒྱབ་སྐྱོར་འབད་མི་དེ་ དཔེ་སྟོན་ཅིག་ ཨིན་མས་ཟེར་ཨིན་པས།
སོ་ནམ་ཞིང་པ་ཚུ་གི་ འཚོ་བའི་གནས་སྟངས་ ལེགས་བཅོས་འབད་ནིའི་དོན་ལུ་ སྒོ་ནོར་དང་ སོ་ནམ་ཐོན་སྐྱེད་ དེ་ལས་ ཚོང་ལམ་ཚུ་ ངེས་པར་དུ་ ལེགས་བཅོས་འབད་དགོཔ་ཨིན་ཟེར་ བློན་ཆེན་མཆོག་གིས་ གསུངས་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༠ ཟླ་༩ པའི་ཚེས་༤ ལུ་ སོ་ནམ་དང་ནགས་ཚལ་ལྷན་ཁག་དང་ ཐའི་ལེནཌི་གི་ སོ་ནམ་དང་མཉམ་འབྲེལ་ལྷན་ཁག་གི་བར་ན་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོད་པའི་གནས་ཚུལ།

No comments:

Post a Comment