གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒེད་འོག་ལ་ལུ་ཅིག་ནང་ སྤྱིར་བཏང་གྲོས་འཛོམས་ནང་གྲལ་གཏོགས་འབད་མི་ ཕོ་སྐྱེས་མང་སུ་ཡོདཔ།

༡༥/༤/༢༠༡༣   ༉ ད་ཚུན་གྱི་བར་ན་ དབང་འདུས་ཕོ་བྲང་གི་ རྒེད་འོག་༡༠ ནང་ སྤྱིར་བཏང་གྲོས་འཛོམས་འཚོགས་པའི་སྐབས་ རྒེད་འོག་༨ ནང་བཅའ་མར་གཏོགས་མི་ ཨམ་སྲུ་མང་སུ་ཡོད་རུང་ ཨ་ཐང་དང་ དར་དཀར་རྒེད་འོག་ནང་འབད་བ་ཅིན་ མང་ཤོས་ར་ ཕོ་སྐྱེས་ཚུ་ ཡོདཔ་ཨིན་པས།
སྤྱིར་བཏང་གྲོས་འཛོམས་ནང་ ཨམ་སྲུ་དང་ཕྱདཔ་ད་ ཕོ་སྐྱེས་མང་སུ་འོང་མི་ཚུ།


དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡༡ ལུ་རྒེད་འོག་༢ ནང་ སྤྱིར་བཏང་གྲོས་འཛོམས་འཚོགས་པའི་སྐབས་ལུ་ ཨ་ཐང་རྒེད་འོག་ལྟེ་བ་ནང་ མི་གྲངས་༥༠ འཛོམས་ས་ལས་ ཨམ་སྲུ་༡༡ ལས་བརྒལ་མེདཔ་ད་ དེ་བཟུམ་སྦེ་ དར་དཀར་རྒེད་འོག་ནང་འབད་བ་ཅིན་ ཡོངས་བསྡོམས་མི་གྲངས་༧༦ འོང་ས་ལས་ ཨམ་སྲུ་༢༦ ལས་མེདཔ་ཨིན་པས།
རྒེད་འོག་༢ ནང་ ཕོ་སྐྱེས་མངམ་འོང་མི་དེ་ གཡུས་ཚན་མང་ཤོས་ཅིག་ རྒེད་འོག་ལྟེ་བ་ལས་ ས་ཐག་རིང་སར་ཨིནམ་ལས་ ཨམ་སྲུ་ཚུ་གིས་ ལམ་འགྱོ་མ་ཚུགས་པའི་ དཀའ་ངལ་ཐོན་མི་ལུ་བརྟེན་ ཕོ་སྐྱེས་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཨ་ཐང་རྒེད་འོག་ལུ་འབད་བ་ཅིན་ རྒེད་འོག་ལྟེ་བ་ལས་ ཐག་རིང་ཤོས་ར་ རུ་ཁ་གཡུས་ཚན་དེ་ རྐང་ཐང་འབད་ ཆུ་ཚོད་༦ དེ་ཅིག་ལམ་འགྱོ་དགོ་པའི་ས་ཁར་ཨིནམ་ད་ དེ་ལས་ ཤུ་སྦ་གཡུས་ཚན་དེ་ ཆུ་ཚོད་༡༡ དེ་ཅིག་ ལམ་འགྱོ་དགོ་དོ་ཡོདཔ་ད་ གཡུས་ཚན་༢ ཆ་ར་ རྫོང་ཁག་གི་ བྱང་ཕྱོགས་ཁ་ཐུག་ལུ་ཡོད་པའི་ ཕོབ་སྦྱིས་ཁ་རྒེད་འོག་གི་ ཉེ་འདབས་ལུ་ཨིན་པས།
ཁུ་ར་གཡུས་ཚན་ལས་ སྤྱིར་བཏང་གྲོས་འཛོམས་ནང་འོང་མི་༡༨ ཀྱི་གྲས་ལས་ ཨམ་སྲུ་༣ ལས་མེདཔ་ད་ ཁོང་གི་གྲས་ལས་ སྐྱེས་ལོ་༣༦ ལང་མི་ རྡོ་རྗེ་དབང་མོ་གིས་ སླབ་མིའི་ནང་ ཨམ་སྲུ་ཚུ་གིས་ ལམ་འགྱོ་མ་ཚུགས་ནི་དེ་གིས་ མང་ཤོས་ར་ ཁྱིམ་ནང་ལཱ་འབད་དེ་ ལུས་སོ་ཡི་ཟེར་ཨིན་པས།
སྡེ་ཚན་དེ་གིས་ དེ་ཚེ་ རུ་ཁ་ལས་ རྐང་ཐང་འབད་ ཆུ་ཚོད་༦ འོང་བའི་ཤུལ་ལས་ སྟག་ཤར་ལུ་ལྷོད་དེ་ དེ་ཁ་ལས་ སྣུམ་འཁོར་སོར་ཡི་ར་ འཛུལ་འོང་བའི་སྐབས་ རྒེད་འོག་ལྟེ་བ་ནང་ ནུབ་མོའི་ཆུ་ཚོད་༡༢ དེ་ཅིག་ཁར་ ལྷོད་ནི་དེ་གིས་ ཞག་བྱག་ཕུག་ཅིག་ནང་ཉལ་དགོཔ་ཨིན་པས།
བཀྲིས་རྡོ་རྗེ་གིས་ སླབ་མིའི་ནང་ ཁོང་ཆ་ཁྱབ་ སྡེ་ཚན་སྦེ་འོང་བའི་སྐབས་ འཕྲལ་འཕྲལ་ར་ བྱག་ཕུག་ནང་ ཉལ་དགོཔ་ཐོནམ་མས་ཟེར་ཨིནམ་ད་ དེ་ཡང་ མི་མང་བའི་སྐབས་ གནསཔ་མ་ཐོབ་ནི་དེ་གིས་ བྱག་ཕུག་ནང་ར་ ཉལ་དོ་ཟེར་ཨིནམ་ད་ བྱག་ཕུག་དེ་ རྒེད་འོག་ལྟེ་བའི་ཉེ་འདབས་ལུ་ ཡོདཔ་ཨིན་པས།
ཁོང་གི་གྲས་ཁར་ ཤུ་སྦ་ལས་ མི་༨ འོང་མི་ སྡེ་ཚན་དེ་ཡང་ བྱག་ཕུག་ནང་ར་ ཉལ་དགོཔ་འབྱུང་ཡོདཔ་ད་ ཁོང་ཡང་ ལམ་ཐག་རིང་ནི་དེ་གིས་ ནུབ་མོ་ལས་བརྒལ་ལྷོད་མ་ཚུགས་ཟེར་ སྐྱེས་ལོ་༤༩ ལང་མི་ བསྟན་པ་གིས་ སླབ་ཡོདཔ་ད་ གལ་སྲིད་སྤྱིར་བཏང་གྲོས་འཛོམས་ནང་ མ་འོང་པ་ཅིན་ ཆད་དངུལ་ཀྲམ་༥༠༠ རེ་ ཕོག་ནི་ཨིནམ་ལས་ ཉིནམ་༡ ལུ་ ཏི་རུ་༥༠༠ སྤྲོད་ནི་བ་ དཀའཝ་སྤྱད་དེ་ ཞལ་འཛོམས་ནང་ བཅའ་མར་གཏོགས་མི་དེ་ ཁེ་ཕན་འདུག་ཟེར་ཨིནམ་ད་ དེ་ཡང་ གཡུས་མི་ཚུ་གིས་ དངུལ་ཀྲམ་༡༠༠ ཡང་ བཏོན་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
དར་དཀར་རྒེད་འོག་གི་ མཐའ་ཟུར་གཡུས་ཚན་ སྟག་ཤར་སི་ལི་དང་ ཚྭ་བཟའ་ དེ་ལས་ རྐ་མེད་ཆུ་ཚུ་ ལམ་ཐག་རིང་དེ་གིས་ མང་ཤོས་ར་ ཕོ་སྐྱེས་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ད་ རྐ་མེད་ཆུ་ལས་ རྒེད་འོག་ལྟེ་བ་ཚུན་ ཆུ་ཚོད་༧ རྐང་ཐང་འོང་མི་ སྐལ་བཟང་ནོར་བུ་གིས་འབད་བ་ཅིན་ ཁོང་གི་གཡུས་ཁ་ལུ་ ཁྱིམ་གུང་པ་༧ ཡོད་མི་ལས་ སྤྱིར་བཏང་གྲོས་འཛོམས་ནང་འོང་མི་༧ ལས་༢ རྐྱངམ་གཅིག་ ཨམ་སྲུ་ཨིན་ཟེར་ཨིནམ་ད་ མ་གཞི་ ག་ར་ཕོ་སྐྱེས་འོང་ནི་ཨིན་རུང་ ཁྱིམ་ནང་བྱ་སྟབས་མ་བདེཝ་ཐོན་མི་ལུ་བརྟེན་ འོང་མ་ཚུགསཔ་ལས་ ཨམ་སྲུ་འོང་དགོཔ་ ཐོན་སོ་ཡི་ཟེར་ཨིན་པས།
རྫོང་ཁག་གཞན་ནང་བཟུམ་ དབང་འདུས་ཀྱི་ རྒེད་འོག་༨ ནང་འབད་བ་ཅིན་ སྤྱིར་བཏང་གྲོས་འཛོམས་ནང་ མང་ཤོས་ར་ ཨམ་སྲུ་ཚུ་གིས་ བཅའ་མར་གཏོགས་མི་དེ་ཡང་ ཕོ་སྐྱེས་ཚུ་ ཞིང་ཁར་ལཱ་འབད་ནི་དེ་གིས་ཨིནམ་ད་ ཨིན་རུང་ ཨ་ཐང་དང་ དར་དཀར་རྒེད་འོག་ནང་འབད་བ་ཅིན་ ཨམ་སྲུ་ཚུ་ ལམ་འགྱོ་མ་ཚུགས་ནི་དེ་གིས་ ཁྱིམ་ནང་ལཱ་འབད་དེ་ སྡོད་ཡོདཔ་ཨིན་པས།
ཨ་ཐང་དང་ དར་དཀར་རྒེད་འོག་ལྟེ་བ་༢ ཆ་ར་ དབང་འདུས་དང་ རྩི་རང་གི་ གཞུང་ལམ་ལྟག་ལུ་ཡོད་རུང་ མི་མང་ཤོས་ར་ མཐའ་ཟུར་གྱི་ གཡུས་ཚན་ཚུ་ལས་ རྐང་སྟོང་འབད་འོང་མི་དེ་ དཀའ་ངལ་ཅན་ཅིག་ཨིན་པས།
ཨིན་རུང་ ཨ་ཐང་རྒེད་འོག་གི་ བདག་སྐྱོང་འགོ་དཔོན་ པཀ་མཤ་གིས་ སླབ་མིའི་ནང་ བཙག་འཐུའི་སྐབས་ལུ་ གསང་བའི་ཚོགས་རྒྱན་བཙུགས་སའི་ ས་གོ་མང་ཤོས་ར་ གཡུས་ཚན་ཚུ་ནང་ གཞི་བཙུགས་འབད་ཡོདཔ་ལས་ ད་རེས་བཟུམ་སྦེ་ ལམ་འགྱོ་དགོཔ་མི་འཐོན་ཟེར་ ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment