གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྱིམ་ཐོག་གུ་ལུ་ མདའ་ཕོག་པའི་ཉོགས་བཤད་ འོས་ཁུངས་མེདཔ།

༡༥/༤/༢༠༡༣   ༉ ཐིམ་ཕུ་གཟི་ལུང་ཁ་ བདེཝ་ཚ་ན་ལུ་སྦེ་ མདའ་རྩེད་སའི་འབའ་སྐྱོར་ཐང་བཟོ་སྐྲུན་འབད་བའི་ཤུལ་ལུ་ མདའ་རྩེདཔ་ལ་ལུ་ཅིག་གིས་ མདའ་ཤོར་ཏེ་ མི་ལུ་ཉེན་ཁ་བྱུང་ཉེན་འདུག་ཟེར་ ཉོགས་བཤད་བཀོད་མི་དེ་ལུ་ བདེན་ཁུངས་མེདཔ་ཨིན་པས།
གཟི་ལུང་ཁའི་ ཁྱིམ་ཚུ་ལུ་ མདའ་ཕོག་པའི་ ཉེན་ཁ་འདུག་ག?


དེ་ཡང་ འབའ་སྐྱོར་ཐང་གི་ཇོ་བདག་ ཕུརཔ་རྡོ་རྗེ་གིས་ སྤྱི་ཟླ་༣ པའི་ཚེས་༥ ལས་༢༩ ཚུན་ གཡང་འཕེལ་ལམ་ལུགས་ཀྱི་ ཕྱི་རྒྱལ་མདའ་གཞུའི་ཐོག་ རྩེད་འགྲན་འགོ་འདྲེན་འཐབ་པའི་སྐབས་ གཟི་ལུང་ཁའི་ ཚོགས་པ་འཆི་མེད་ཚེ་རིང་གི་ ཁོ་གི་ཁྱིམ་ཐོག་གུ་ལུ་ མདའ་ཕོག་ཡོད་པའི་སྐོར་ལས་ ཐིམ་ཕུ་ཁྲོམ་སྡེ་དང་ འགོ་འདྲེན་འཐབ་མི་ལུ་ འབའ་སྐྱོར་དེ་ སྒོ་བསྡམ་དགོ་པའི་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
ཕུརཔ་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ འཆི་མེད་ཚེ་རིང་གིས་ ཉོགས་བཤད་བཀོད་ཡོདཔ་བཞིན་དུ་ མདའ་ག་གིས་ ཤོར་ཡོདཔ་ཨིན་ན་ མདའ་རྩེདཔ་ཚུ་ལུ་ དྲི་དཔྱད་འབད་བའི་སྐབས་ མདའ་ཤོར་ཡོད་པའི་ལོ་རྒྱུས་མེདཔ་མ་ཚད་ ཉིནམ་རེ་ཆད་མེད་པར་ སྐུགས་ཐོ་བཀོད་འབད་མི་ སྐུགས་དཔོན་གྱིས་ཡང་ མདའ་ཤོར་ས་ མ་མཐོང་ཟེར་སླབ་ཅི་ཟེར་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༦ ལུ་ ཐིམ་ཕུ་ཁྲོམ་སྡེ་ལས་ ཁྲོམ་དཔོན་དང་ འགོ་དཔོན་ཚུ་གིས་ འབའ་ཐང་ནང་འོང་སྟེ་ མདའ་ག་གིས་ཤོར་ཡོདཔ་ཨིན་ན་དང་ ཁྱིམ་ཐོག་ལུ་ མདའ་ཕོག་མི་དེ་ལུ་ ཞིབ་དཔྱད་འབད་ཡོདཔ་མ་ཚད་ མདའ་རྩེདཔ་ཚུ་དང་གཅིག་ཁར་ དྲི་དཔྱད་ཡང་ འབད་ཡི་ཟེར་ཨིན་པས།
ཉོགས་བཤད་བཀོད་མི་ འཆི་མེད་ཚེ་རིང་གིས་འབད་བ་ཅིན་ འབའ་སྐྱོར་བཟོ་སྐྲུན་འབད་ཞིནམ་ལས་ཚུར་ ཉིན་མ་དང་ ཕྱི་རུ་ མདའ་རྩེད་བར་འོང་མི་ཚུ་གིས་ ཁྱིམ་ཐོག་ལུ་ མདའ་ཚར་༢ དང་ ཁོ་དང་ ཁྱིམ་ཚང་གི་ལྡུམ་ར་ཚུ་ནང་ བསྡོམས་ཀྱིས་ མདའ་༦ དེ་ཅིག་ རྐྱབ་ཅི་ཟེར་ཨིན་པས།
མདའ་ཤོར་འོང་བའི་སྐབས་ མི་དང་སེམས་ཅན་ཚུ་ལུ་ ཕོག་ནིའི་ཉེན་ཁ་སྦོམ་ཡོད་མི་ལུ་བརྟེན་ འབའ་སྐྱོར་དེ་ སྒོ་བསྡམ་བཞག་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ ཁྲོམ་སྡེ་ཡིག་ཚང་ལུ་ སྙན་ཞུ་འབད་ཡི་ཟེར་ འཆི་མེད་ཚེ་རིང་གིས་ སླབ་ཨིན་པས།
ཕུརཔ་རྡོ་རྗེ་གིས་ འབད་བ་ཅིན་ ས་གནས་ནང་ འབའ་སྐྱོར་བཟོ་སྐྲུན་འབད་ནི་ཨིན་ཟེར་ གཟི་ལུང་ཁའི་ ཁྱིམ་གུང་པ་༢༡ ལས་ ཉོགས་མེད་འགན་ཡིག་ནང་ མིང་རྟགས་ལེན་ཡོདཔ་བཞིན་དུ་ འབྲུག་རང་ལུགས་མདའ་རྩེད་ཚོགས་པའི་ ཁ་ཐུག་ལས་ཡང་ ངོས་ལེན་འབད་ཡོདཔ་ལས་ ཐིམ་ཕུ་ཁྲོམ་སྡེ་ལས་ བཟོ་སྐྲུན་འབད་ཆོག་པའི་ གནང་བ་ཐོབ་མི་ལྟར་དུ་ ལཱ་ཚུ་ འགོ་བཙུགས་བཙུགསཔ་ཨིན་ཟེར་ཨིན་པས།
ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ གཟི་ལུང་ཁ་ལུ་སྦེ་ འབའ་སྐྱོར་ཐང་བཟོ་ནིའི་གནང་བ་ སྤྲོད་ཡོདཔ་བཞིན་དུ་ ས་གོ་ནང་ མི་དང་ སེམས་ཅན་ལུ་ གནོད་ཉེན་ དེ་ལས་ མདའ་རྐྱབ་མི་ཚུ་གི་དོན་ལུ་ གསང་སྤྱོད་ཚུ་ཡང་ ལེགས་ཤོམ་སྦེ་ བཟོ་སྐྲུན་འབད་ཡོདཔ་ལས་ འཆི་མེད་ཚེ་རིང་གིས་ ཁྱིམ་ཐོག་ལུ་ མདའ་ཕོག་མི་དེ་ བདེན་བརྫུན་ག་དེ་སྦེ་ཡོདཔ་ཨིན་ན་ ཞིབ་དཔྱད་འབད་དགོཔ་ ཡོད་ཟེར་ཨིན་པས།
འབའ་ཐང་དང་ འཆི་མེད་ཚེ་རིང་གི་ ཁྱིམ་༢ ཀྱི་བར་ན་ ས་ཐག་རིངམོ་ཡོདཔ་ལས་ ཁོ་གི་ཁྱིམ་གུ་ལུ་ མདའ་ཕོག་ཡོདཔ་སྦེ་སླབ་མི་དེ་ ཁོང་ར་གཉིས་ ཕན་ཚུན་ནང་འཁོད་ཀྱི་ འཁོན་ལྡུམ་ཡོད་པའི་ བརྡ་མཚོན་སྟོནམ་མས་ཟེར་ཨིན་པས།
འབྲུག་རང་ལུགས་མདའ་རྩེད་ཚོགས་པ་ལས་ འགོ་དཔོན་ལ་ལུ་ཅིག་གིས་འབད་བ་ཅིན་ གཟི་ལུང་ཁའི་འབའ་ཐང་ སྒོ་བསྡམ་དགོཔ་འདྲཝ་ཅིག་འབད་བ་ཅིན་ ཐིམ་ཕུ་ལུ་ཡོད་པའི་ འབའ་ཐང་ག་ར་ སྒོ་བསྡམ་བཞག་དགོཔ་འོང་ཟེར་ཨིན་པས།
གཟི་ལུང་ཁའི་འབའ་སྐྱོར་ཐང་བ་ཡང་ ཉེན་ཁ་ཆེ་སུ་སྦེ་ ཐིམ་ཕུ་ལྕང་གླིང་མི་ཐང་དང་ འབའ་སྐྱོར་གཞན་མི་ཚུ་ནང་ཡོདཔ་ལས་ དེ་ཚུ་ལུ་ དབྱེ་ཞིབ་ ལེགས་ཤོམ་སྦེ་ འབད་དགོཔ་འདུག་ཟེར་ཨིན་པས།
ད་ལྟོ་ཡོད་པའི་ས་ཁོངས་ནང་ ཕུརཔ་རྡོ་རྫེ་གིས་ དངུལ་ཀྲམ་འབུམ་༥ ལྷགཔ་ཅིག་ ཟད་འགྲོ་བཏང་ཐོག་ལས་ འབའ་སྐྱོར་བཟོ་སྐྲུན་འབད་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment