གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེ་ལས་ དགོངས་ཞུ་མ་འབད་མི་ཚུ་གིས་ ལཱ་འཕྲོ་མཐུད་འབད་དོ་ཡོདཔ།

༡༥/༤/༢༠༡༣   ༉ ཚོགས་སྡེའི་འཐུས་མི་ཚུ་གིས་ དགོངས་ཞུ་འབད་དེ་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ བཙག་འཐུ་གི་དོན་ལུ་ ལོག་སྟེ་ཚོགས་སྡེའི་ནང་ ཞབས་ཏོག་ཞུ་ནི་གི་དོན་ལུ་ ཚོགས་རྒྱན་དགོ་པའི་སྐོར་ལས་ ལས་རིམ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་རུང་ དགོངས་ཞུ་མ་འབད་མི་ འཐུས་མི་བཞི་གིས་ ཚོགས་སྡེའི་གནས་ཡུན་མ་ཚང་གི་རིང་ ལཱ་དུམ་གྲ་རེ་ འབད་དོ་ཡོདཔ་ཨིན་པས།


དགོངས་ཞུ་མ་འབད་མི་ཚུ་ཡང་ ཚོགས་སྡེའི་ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་དང་ བསམ་རྩེའི་འཐུས་མི་ ཌོག་ཊར་ མ་ནི་ཀུ་མར་རའི་  གསར་སྤང་འཐུས་མི་ ཀརྨ་རྡོ་མནན་དབང་འདུས་ དེ་ལས་ བཀྲ་ཤིས་གཡང་རྩེའི་འཐུས་མི་ སྐལ་བཟང་རྣམ་རྒྱལ་ཚུ་ཨིནམ་ད་ ཁོང་དང་གཅིག་ཁར་ མི་དབང་མངའ་ཞབས་མཆོག་གིས་ བསྐོ་བཞག་གནང་མི་ འཐུས་མི་ལྔ་ ཡོདཔ་ཨིན་པས།
ཁྲི་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གིས་ ཤུལ་མམ་གྱི་འཐུས་མི་ཚུ་གི་ སྟབས་བདེ་ཐབས་བཟོ་དོན་ལུ་ ཨ་རྟག་ར་ ཡིག་ཚང་ནང་འོང་སྟེ་ ཚོགས་སྡེའི་ལས་བྱེདཔ་ཚུ་དང་གཅིག་ཁར་ ལཱ་འབད་དོ་ཟེར་ཨིན་རུང་ ཁོ་རའི་ སྲིད་དོན་ནང་ བཅའ་མར་གཏོགས་ནི་དེ་ ཐོགས་ལུས་ཏེ་ཡོད་ཟེར་ཨིནམ་ད་ ད་ལྟོ་ཁོ་གིས་ ཚོགས་པ་ག་ནང་ འཛུལ་ནི་ཨིན་ན་ གཏན་འཁེལ་མ་འགྱོ་ཟེར་ཨིན་པས།
གསར་སྤང་འཐུས་མི་གིས་ འདས་པའི་དྲི་བཀོད་ནང་ ཁོ་ར་ སྲིད་དོན་ནང་ འཛུལ་ནི་སྦེ་སླབ་རུང་ ད་ལྟོ་ཡང་ གཏན་འཁེལ་ཅིག་ མ་འགྱོ་བར་ཡོདཔ་ཨིན་པས།
ཨིན་རུང་ ལོ་རྒྱུས་དང་འཁྲིལཝ་ད་ འཐུས་མི་གཉིས་ཆ་ར་གིས་ ད་ལྟོའི་ གཞུང་སྐྱོང་ཚོགས་པ་དང་འབྲེལ་བ་ཡོད་པའི་སྐོར་ལས་ ཁྱབ་སྤེལ་འགྱོ་དོ་ཡོད་མི་དེ་ཡང་ ཁྲི་འཛིན་གྱིས་ སྤུ་ན་ཁ་ རྟ་ལོག་ དཀརཔོ་སྦྱིས་ས་འདེམས་ཁོངས་དང་ གཞན་མི་གིས་ དགེ་ལེགས་ཕུག་འདེམས་ཁོངས་ནང་ལས་ དོ་འགྲན་འབད་ནི་གི་ ལོ་རྒྱུས་ཡོདཔ་ཨིན་པས།
མ་ནི་ཀུ་མར་རའི་དང་ སྐལ་བཟང་རྣམ་རྒྱལ་གྱི་ ཐད་ཁར་ལྷོདཔ་ད་ ཁོང་གཉིས་ཀྱིས་ འཐུས་མི་ལས་དགོངས་ཞུ་འབད་དེ་ ག་ཅི་ནང་ཡང་ བཅའ་མར་ མ་གཏོགས་པར་ མི་ཚེ་སྐྱིད་ཉམས་སྐྱོང་སྟེ་ སྡོད་ནི་གི་ ཐག་བཅད་ཡོདཔ་ཨིན་པས།
མ་ནི་ཀུ་མར་རའི་གིས་ ཁོ་རའི་རྫོང་ཁག་ནང་ལས་ གདམ་ངོ་བདུན་ཐོན་ཡོད་མི་དེ་ མི་སེར་ཚུ་གི་དོན་ལུ་ གདམ་ཁའི་གོ་སྐབས་ལེ་ཤ་ཡོདཔ་ལས་ ཁོ་གིས་ཡང་ སྐལ་བཟང་རྣམ་རྒྱལ་བཟུམ་སྦེ་ སྡོད་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
སྐྱེས་ལོ་༦༢ ལང་མི་གིས་ འགན་ཁུར་འབག་ནི་ལུ་ བཙག་འཐུ་གྲུབ་རྐྱངམ་གཅིག་གིས་ མི་བཏུབ་པས་ཟེར་ཨིནམ་ད་ རྫོང་ཁག་ནང་ འདེམས་ཁོངས་ལེ་ཤ་ཡོདཔ་ལས་ ག་རའི་ནང་ ལྷོད་ཚུགས་ནི་ལུ་ ལཱ་ཁག་འདུག་ཟེར་ཨིནམ་ད་ ཁོ་རའི་གཟུགས་ཀྱི་ལྕོགས་གྲུབ་ལུ་ གདོང་ལེན་སྦོམ་འོང་ནི་ཨིནམ་ལས་ མི་སེར་ཚུ་ དབུག་འགམ་ནིའི་ གཞི་ཅིག་ལས་མི་འོང་ཟེར་ཨིན་པས།
འཐུས་མི་ གོ་གནས་ལས་ གནས་ཡུན་མ་ཚང་ཚུན་ དགོངས་ཞུ་མ་འབད་བར་སྡོད་མི་གིས་ དགོངས་ཞུའི་ཐོབ་ལམ་ དངུལ་ཀྲམ་འབུམ་༧ ལྷགཔ་ཅིག་འཐོབ་ནི་ཨིན་པས།
ཨིན་རུང་ དགོངས་ཞུ་འབད་དེ་སོང་མི་ཚུ་གིས་ ཐོབ་ལམ་དེ་གི་སྐོར་ལས་ གྲོས་བསྡུར་ག་བཟུམ་བྱུང་ཡོད་རུང་ དགོངས་ཞུའི་ཐོབ་ལམ་ཚུ་ མི་ཐོབ་ནི་ཨིནམ་ད་ དགོངས་ཞུ་འབད་མི་༡༦ ལས་ ཅིག་གིས་ སྲིད་དོན་ཚོགས་པ་ཅིག་ནང་ འཛུལ་ཡོདཔ་ད་ ཚོགས་སྡེའི་དོན་ལུ་ ལོག་དོ་འགྲན་འབད་མི་ལས་ ཅིག་གིས་ རྒེད་འོག་འཛོམས་འདུའི་ནང་ལས་ ཕམ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment