གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧཱུཾ་རལ་གནས་ཁང་ ཉམས་གསོ་ཞུ་ཚར་ཡོདཔ།

༉ སྤ་རོ་རིན་སྤུངས་རྫོང་གི་འོག་ལུ་ བྱག་ཅིག་གི་རྩ་བར་ ག་ནི་བ་ ཁམས་དྭངས་ཏོག་ཏོ་འབད་བའི་ ས་ཁོངས་ཅིག་ནང་ ཆགས་ཏེ་ཡོད་པའི་ ཧཱུཾ་རལ་གནས་ཁང་དེ་ ད་རེས་ཁམས་ཅིག་ཁར་ ཉམས་བཅོས་ཀྱི་ ལཱ་ཚུ་འབད་དེ་ སྤྱི་ཟླ་༤ པའི་ཚེས་༩ ལུ་ མཇུག་བསྡུ་ཡོདཔ་ཨིན་པས།
ཉམས་བཅོས་ཀྱི་ལཱ་དེ་ཡང་ འདས་པའི་བདུན་ཕྲག་ཅིག་དེ་ཅིག་གི་ ཧེ་མ་ལས་ འགོ་བཙུགས་ཡོདཔ་ད་ དེ་གི་སྐབས་ བླ་མའི་གཟིམ་ཅུང་དང་ ཐབ་ཚང་ཚུ་ ཉམས་བཅོས་འབད་ཡོདཔ་ཨིན་པས།



ཉམས་བཅོས་ཀྱི་ལཱ་དེ་ཡང་ རིན་སྤུངས་རྫོང་ ཉམས་གསོ་ལས་འགུལ་གྱིས་ འབད་ཡོདཔ་ད་ ལས་འགུལ་གྱི་ བཟོ་དཔོན་འོགམ་ བྱམས་དཔལ་གྱིས་ འབད་བ་ཅིན་ ཉམས་བཅོས་ཀྱི་སྐབས་ ཐབ་ཚང་དང་ བླ་མའི་གཟིམ་ཅུང་གི་ ཤིང་ཆས་ རུལ་མི་ཚུ་སོར་ཏེ་ གནམ་སྤང་དང་ ཨེན་ཏ་གསརཔ་ཚུ་ བཙུགས་ཅི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁང་མིག་ཚུ་ནང་ བཅད་ཚུ་ཡང་ རྐྱབ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ གནས་ཁང་གི་ ལྕམ་དང་ ཨེན་ཏ་ དེ་ལས་ གནམ་སྤང་གཞན་ཚུ་ཡང་ ལེ་ཤ་ཅིག་ར་ དུས་ཚོད་ལེ་ཤ་སོང་ཡོདཔ་ལས་ སོར་དགོཔ་ཡོད་རུང་ དུས་ཅི་ ལས་འགུལ་གྱི་དུས་ཡུན་ ཚང་སོ་མི་ལུ་བརྟེན་ ལུས་སོ་ཡི་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ཡོད་པའི་ཤིང་ཆས་ཚུ་གིས་ ལོ་༤ དང་༥ དེ་ཅིག་གི་རིང་ ཐུབ་ཚུགསཔ་འོང་ཟེར་ ལས་འགུལ་གྱི་ལས་མི་༨ ཁྱིད་དེ་ ལཱ་འབད་སྡོད་མི་ བཟོ་དཔོན་འོག་མ་གིས་སླབ་ཅི།
གནས་ཁང་གི་ རྐང་རྒྱུགཔ་ དགེ་སློང་ཚེ་རིང་གིས་ སླབ་མིའི་ནང་ མ་གཞི་ གནས་ཁང་དེ་ ཧེ་མ་ཡང་ ཉམས་བཅོས་ཚར་ཅིག་འབད་ཡོད་རུང་ ནམ་འབད་འབདཝ་ཨིན་ན་ མི་ཤེས་པས་ཟེར་ཨིན་པས།
ཐོག་ཚད་༢ འབད་མི་ གནས་ཁང་དེ་ནང་ ནང་རྟེན་གཙོ་བོ་ ཧཱུཾ་རལ་མགོན་པོ་ བཞུགས་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

 

No comments:

Post a Comment