གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧཱ་རྫོང་བདག་ མི་སེར་དམངས་གཙོའི་ཚོགས་པ་ནང་འཛུལ་ནི།

ཧཱ་གི་རྫོང་བདག་ རིག་འཛིན་རྡོ་རྗེ།
༡༦/༠༤/༢༠༡༣  ༉ ཧཱ་གི་རྫོང་བདག་ རིག་འཛིན་རྡོ་རྗེ་གིས་ སྲིད་དོན་ནང་ འཛུལ་ཞུགས་འབད་ནིའི་དོན་ལུ་ དགོངས་ཞུའི་ཡི་གུ་བཙུགས་མི་དེ་ ད་ཚུན་གྱི་བར་ན་ རྫོང་བདག་ཚུ་གི་གྲས་ལས་ དང་པ་ཨིན་པས།
སྐྱེས་ལོ་༤༩ ལང་མི་ རིག་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་གི་ དགོངས་ཞུའི་ཡི་གུ་བཙུགསཔ་ཅིག་ར་ཨིནམ་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ དགོངས་ཞུ་གཏང་པའི་ཤུལ་ལུ་ མི་སེར་དམངས་གཙོའི་ཚོགས་པ་ནང་ འཛུལ་ཞུགས་འབད་འོང་ཟེར་ཨིན་པས།



སྐྱེས་ཡུལ་ གཞལམ་སྒང་རྫོང་ཁག་ ཤིང་མཁར་ལས་ཨིན་མི་ རིག་འཛིན་རྡོ་རྗེ་གིས་ ད་རེས་ནངས་པ་ ཁོ་རའི་ མི་རྩིས་ཐོ་བཀོད་འབད་དེ་ཡོད་མི་ གསར་སྤང་རྫོང་ཁག་ བདེ་སྐྱིད་གླིང་ཅའུ་བ་རི་ལས་ མི་སེར་དམངས་གཙོའི་ཚོགས་པའི་ འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིན་པས།
རིག་འཛིན་རྡོ་རྗེ་གིས་ ཞི་གཡོག་ནང་ ལོ་ངོ་༢༥ ཕྱག་ཞུ་བའི་ ཉམས་མྱོང་ཡོདཔ་ད་ ཁོ་གིས་ ནེ་དར་ལེནསི་ མི་སྡེ་གཙུག་ལག་སློབ་སྡེ་ནང་ལས་ མི་མང་སྲིད་བྱུས་དང་ དམངས་གཙོའི་བྱ་རིམ་ནང་ མཐོ་རིམ་གོང་མའི་ ཤེས་ཚད་མཐར་འཁྱོལ་ཡོདཔ་ཨིན་པས།
རིག་འཛིན་རྡོ་རྗེ་དེ་ རྩིས་བ་ཅིན་ མི་སེར་དམངས་གཙོའི་ཚོགས་པ་ནང་ རྫོག་བདག་སྦེ་ ཕྱག་ཞུ་མི་ འདེམས་ངོ་༣ འོང་ནི་ཨིན་མི་དེ་ཡང་ འདེམས་ངོ་གཞན་༢ པོ་དེ་ དར་དཀར་ནང་གི་ རྫོང་བདག་བགྲེསཔ་ མིང་པོ་འབྲུག་པ་དང་ ཧཱ་གི་རྫོང་བདག་བགྲེསཔ་ བཀྲིས་ནོར་བུ་ཨིན་པས།
ད་རུང་ ད་ལྟོ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ དགོངས་ཞུའི་ཡི་གུ་ བསྣར་འགྱངས་སྦེ་ཡོད་མི་ མི་སེར་དམངས་གཙོའི་ཚོགས་པའི་ འདེམས་ངོ་གཞན་དེ་ མི་མང་གསོ་བའི་ལས་ཁུངས་ཀྱི་ ཌོག་ཊར་བློ་བཟང་རྡོ་རྗེ་དེ་ཨིནམ་ད་ གལ་སྲིད་ ཁོ་ར་ དགོངས་ཞུ་གཏང་པ་ཅིན་ ཁོ་གིས་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་-མར་ཚ་ལ་འདེམས་ཁོངས་ནང་ལས་ དོ་འགྲན་འབད་ནི་ཨིན་པས།
ཚོགས་པའི་མགྲིན་ཚབ་ འཐུས་མི་དམ་ཆོས་རྡོ་རྗེ་གིས་ སླབ་མིའི་ནང་ ཚོགས་པ་ལུ་ འདེམས་ངོ་༤༧ ཆ་མཉམ་ཚང་ཡོད་རུང་ འདེམས་ངོ་དག་པ་ཅིག་ ཁོང་ལཱ་འབད་སའི་ ལས་སྡེ་ཚུ་དང་ བདེ་སྒྲིག་བཟོ་བའི་བསྒང་ཡོད་ཟེར་ཨིན་པས།
ད་ཚུན་གྱི་བར་ན་ མི་སེར་དམངས་གཙོའི་ཚོགས་པ་གིས་ འདེམས་ངོ་༢༥ གི་ གསལ་བསྒྲགས་འབད་ཡོད་པའི་གནས་ཚུལ།

No comments:

Post a Comment