གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྲོ་བ་རྐྱངམ་གཅིག་གི་དོན་ལུ་མེན་པར་ ལམ་སྲོལ་ཉམས་སྲུང་འབད་ནི་ལུ་ཡང་ བརྩོན་ཤུགས་བསྐྱེད་དགོཔ།

༡༦/༠༤/༢༠༡༣ མི་མང་གི་བསམ་འཆར།
༉ ང་བཅས་རའི་ འབྲུག་རྒྱལ་ཁབ་འདི་ ཆུང་ཀུ་ཅིག་ལས་མེད་རུང་ རྒྱལ་ཁབ་གཞན་ཚུ་དང་ཕྱདཔ་ད་ རྩ་ལས་མ་འདྲ་བའི་ ལམ་སྲོལ་གྱིས་ཕྱུག་སྟེ་ཡོདཔ་ཨིནམ་ ག་ར་གིས་ མ་མཁྱེནམ་མེད་ཟེར་ཞུ་ནི།
རྒྱལ་ཁབ་ནང་འོང་མི་ ཕྱི་ཁའི་མི་ཚུ་གིས་ལྟ་རུང་ གཞན་དང་མ་འདྲ་བའི་ ལམ་ལུགས་སྲོལ་བཟང་པོ་ཡོད་མི་ལུ་ ཡིད་ཆེས་བསྐྱེད་ནི་དེ་གིས་ ལོ་བསྟར་བཞིན་དུ་ ལྟ་བཤལ་པའི་གྱངས་ཁ་དེ་ཡང་ ཡར་སེང་འགྱོཝ་མས་ཟེར་ཞུ་ནི།



ད་རེས་ནངས་པ་ རྒྱང་མཐོང་ཊི་བི་ནང་ རེས་གཟའ་མིག་དམར་ལས་ སྤེན་པ་ཚུན་ སྤྲོ་བ་ཁ་འཐེན་གྱི་ལས་རིམ་ཟེར་ ཁ་འཐེན་གཏང་སྲོལ་ཡོད་མི་དང་ གློག་བརྙན་ནང་ཐོན་མི་གླུ་གཞས་ དེ་མ་ཚད་ གསུང་སྐད་འགྲན་བསྡུར་ནང་ལས་ དྲག་ཤོས་ཐོན་མི་ ན་གཞོན་ཚུ་གིས་ ཞབས་ཁྲ་ཚུ་སྟོན་ཏེ་ རྒྱལ་ཁབ་མཐའ་དབུས་མེད་པའི་ མི་སེར་ག་ར་ལུ་ སྤྲོ་བ་སྦོམ་བྱུངམ་མ་ཚད་ རང་གི་ལམ་སྲོལ་ལུ་ཡང་ ཕན་ཁྱད་འདུག་ཟེར་ཞུ་ནི།
དེ་ཡང་ གློག་བརྙན་ཚུ་ནང་ འཁྲབ་རྩེདཔ་འབད་མི་ ཕོ་མོ་ག་ར་གིས་ རང་གི་ཁྱད་ཆོས་བཟང་པོ་ གོ་དང་དཀྱི་ར་དཀྱིས་ཏེ་ གཞུང་སྐད་རྫོང་ཁའི་ཐོག་ལུ་ ཁ་སླབ་ཟེར་གསུམ་དང་ ལུས་ཀྱི་རྣམ་འགྱུར་ཚུ་ ལེགས་ཤོམ་སྦེ་ སྟོན་གནངམ་ལས་བརྟེན་ ཨིན་ཟེར་ཞུ་ནི།
ཨིན་རུང་ ངེ་གི་བསམ་འཆར་ལས་འབད་བ་ཅིན་ ང་བཅས་རའི་ རྒྱལ་ཁབ་འདི་ནང་ དམིགས་བསལ་དུ་ འཆམ་དང་ཞབས་ཁྲའི་ཁ་ཐུག་ལས་ ལམ་ལུགས་སྲོལ་ བདག་འཛིན་འཐབ་མི་ ལྟེ་བ་ངོ་མ་ཅིག་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་སྤེལ་ཁང་ཨིནམ་ལས་ སྤྲོ་བ་ཁ་འཐེན་གྱི་ ལས་རིམ་ནང་ཡང་ ཟློས་གར་སློབ་ཁང་གི་ གླུ་གཞས་ཚུ་ཡང་ བཙུགས་གནང་པ་ཅིན་ ད་རེས་ནངས་པའི་ ན་གཞོན་ཚུ་གི་དོན་ལུ་ ཞབས་ཁྲའི་ཐོག་ལས་ ལམ་སྲོལ་བདག་འཛིན་འཐབ་ནི་གི་ དཔེ་སྟོན་བཟང་པོ་ཅིག་ ཨིན་མས་ཟེར་ཞུ་ནི།
གློག་བརྙན་ཚུ་ནང་ གསལ་སྟོན་འབད་མི་ གླུ་གཞས་ཚུ་གི་ སྒྲ་འཛིན་འཁོར་ལོ་ཚུ་ ག་ཏེ་ལས་ཡང་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་པས་ཟེར་ཞུ་ནི།
རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་སྤེལ་ཁང་གི་ རང་ལུགས་ཀྱི་ ལམ་སྲོལ་དང་ལྡན་པའི་ གླུ་གཞས་ཁྱད་པར་ཅན་ཚུ་ དུས་སྟོན་བརྩི་སྲུང་དང་ དགའ་སྟོན་ཚུ་ནང་མ་གཏོགས་ གློག་བརྙན་ནང་ཐོན་མི་ གླུ་གཞས་ཚུ་བཟུམ་སྦེ་ རྒྱང་མཐོང་ནང་ སྟོན་ནི་མིན་འདུག་ཟེར་ཞུ་ནི།
ང་རའི་ བསམ་འཆར་ལས་འབད་བ་ཅིན་ གློག་བརྙན་ཚུ་ནང་ཐོན་མི་ གླུ་གཞས་དེ་ཚུ་ ཡང་བསྐྱར་དུ་ རྒྱང་མཐོང་ཊི་བི་ནང་ གསལ་སྟོན་འབད་མི་ལུ་བརྟེན་ སྤྲོ་བ་འབྱུང་ནི་མེན་པར་ དབངཔོ་ངལ་བའི་གཞི་ཅིག་ ཨིན་མས་ཟེར་ཞུ་ནི།
ཟློས་གར་སློབ་སྦྱོང་སྤེལ་ཁང་གི་ གླུ་གཞས་ཁྱད་པར་ཅན་ཚུ་ཡང་ སྤྲོ་བ་ཁ་འཐེན་གྱི་ལས་རིམ་ནང་ བཙུགས་གནང་པ་ཅིན་ རང་ལུགས་ཀྱི་ ལམ་དང་ལུགས་སྲོལ་ཚུ་ ཉམས་སྲུང་འབད་ནི་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ནི་མས་ཟེར་ཞུ་ནི།
དེ་འབདཝ་ལས་བརྟེན་ འབྲེལ་ཡོད་དབང་འཛིན་ཚུ་གིས་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་སྤེལ་ཁང་གི་ མཐུན་མོང་མ་ཡིན་པའི་གླུ་གཞས་ཚུ་ རྒྱང་མཐོང་གི་ ཁ་འཐེན་གྱི་ལས་རིམ་ནང་ མི་མང་སྤྲོ་བ་འབྱུང་བཅུག་ནིའི་དོན་ལུ་ ངེས་པར་དུ་ བཙུགས་གནང་དགོཔ་འདུག་ཟེར་ ཞུ་ནི་ཨིན།

སངས་རྒྱས་ཚེ་དབང་། ཕུན་ཚོགས་གླིང་ཁྲོམ།

No comments:

Post a Comment