གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནི།

༡༨/༤/༢༠༡༣   ༉ ཕྱགས་སྙིགས་ཚུལ་མཐུན་འཛིན་སྐྱོང་འཐབ་ནི་དང་ མཐའ་འཁོར་གནས་སྟངས་ཉེན་སྲུང་དང་ གཙང་སྦྲ་དང་ལྡནམ་སྦེ་ བཞག་ནི་གི་ འགན་ཁུར་དེ་ མི་ངོ་རེ་རེ་བཞིན་དུ་ལུ་ ཕོག་ཡོད་པའི་ གསལ་སྟོན་དང་འབྲེལ་ ད་རིས་ ཐིམ་ཕུ་ཁྲོམ་སྡེ་གིས་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནི་དང་ གོ་བརྡའི་ལས་རིམ་ཅིག་ འགོ་འདྲེན་འཐབ་ནི་ཨིན་པས།


དེ་ཡང་ ལས་རིམ་ནང་ བར་སྦིས་ས་དང་ ཨོ་ལ་ཁ་ ནོར་འཛིན་ལམ་ འབྱུང་བཞི་ནང་ རྟ་བབ་ མུ་ཏིག་ཐང་ ལྕང་སྒང་ཁ་ལུ་སྡོད་མི་ སྒྲིང་ཁྱིམ་གྱི་ ཇོ་བདག་དང་ ཁང་གླར་སྡོད་མི་ ཚོང་པ་ཚུ་གིས་ བཅའ་མར་གཏོགས་ནི་གི་ རེ་བ་ཡོདཔ་ཨིན་པས།
གོ་བརྡའི་ལས་རིམ་དེ་ཡང་ ཕྱགས་སྙིགས་བཀག་ཐབས་དང་ འཛིན་སྐྱོང་སྒྲིག་གཞི་ སྤྱི་ལོ་༢༠༡༢ ཅན་མ་ བསྟར་སྤྱོད་འཕྲོ་མཐུད་འབད་མི་དང་འཁྲིལ་ཨིན་པའི་གནས་ཚུལ།

No comments:

Post a Comment