གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ཟླ་༤ པའི་ཚེས་༢༠ ལུ་ རྒྱལ་ཡོངས་ཚོགས་འདུ་ རྩ་འགྲོལ་གཏང་ནི།

༡༥/༤/༢༠༡༣   ༉ རྒྱལ་ཡོངས་ཚོགས་འདུའི་ གནས་ཡུན་ལོ་༥ མཇུག་བསྡུ་རནམ་བཞིན་དུ་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ རང་ལུགས་ཀྱི་ རྟེན་འབྲེལ་བརྩི་ཐོག་ལས་ རྩ་འགྲོལ་གཏང་ནི་ཨིན་པས།


རྒྱལ་ཡོངས་ཚོགས་འདུའི་ ཡོངས་ཁྱབ་དྲུང་ཆེན་ ཀུན་བཟང་དབང་འདུས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༠༨ ཟླ་༤ པའི་ཚེས་༢༡ ལུ་འཚོགས་མི་ སྤྱི་ཚོགས་དང་པའི་ རྒྱལ་ཡོངས་ཚོགས་འདུའི་ གནས་ཡུན་དེ་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ མཇུག་བསྡུ་ནི་ཨིནམ་ལས་ ཚོགས་འདུའི་འཐུས་མི་ཚུ་འཛོམས་ཏེ་ རྒྱལ་པོའི་ཞབས་བརྟན་དང་ བདེ་གཤེགས་བསྟན་པའི་སྨོན་ལམ་ དེ་ལས་ བློན་ཆེན་དང་ ཚོགས་དཔོན་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ གསེར་ཁྲི་ལུ་ ཁ་དར་ཚུ་ ཕུལ་ཞིནམ་ལས་ རྩ་འགྲོལ་གཏང་ནི་ཨིན་ཟེར་ཨིན་པས།
འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༡༩ པ་དང་འཁྲིལཝ་ད་ འབྲུག་རྒྱལ་པོ་མཆོག་གིས་ རྒྱལ་ཡོངས་ཚོགས་འདུ་ རྩ་འགྲོལ་གཏང་བའི་སྐབས་ བཙག་འཐུ་ལྷན་ཚོགས་ཀྱིས་ རང་མོས་དང་ རྣམ་དག་གི་ བཙག་འཐུ་འབད་ཚུགས་ནིའི་དོན་ལུ་ ཉིན་གྲངས་༩༠ ལས་མ་བརྒལ་བའི་ དུས་ཡུན་ཅིག་ནང་ འཛིན་སྐྱོང་འཐབ་མི་ གནས་སྐབས་ཀྱི་གཞུང་ཅིག་ བསྐོ་བཞག་གནང་ནི་ཨིན་པས།
གནས་སྐབས་ཀྱི་ གཞུང་དེ་ནང་ གྲོས་དཔོན་སྤྱི་ཁྱབ་གཅིག་དང་ གྲོས་དཔོན་གཞན་ཚུ་ རྒྱལ་ཡོངས་ཚོགས་འདུ་ རྩ་འགྲོལ་བཏང་སྟེ་ ཉིན་གྲངས་༡༥ འི་ནང་འཁོད་ལུ་ བསྐོ་བཞག་འབད་ནི་ཟེར་ཨིན་པས།
འབྲུག་གི་ ཁྲིམས་སྤྱི་བློན་པོ་དེ་ གྲོས་དཔོན་སྤྱི་ཁྱབ་སྦེ་ བསྐོ་བཞག་འབད་ནི་ཨིན་རུང་ གྲོས་དཔོན་གཞན་ཚུ་ ག་དང་ག་ར་ཚུད་ནི་ཨིན་ན་ རྩ་ཁྲིམས་ཆེན་མོའི་ནང་ གསལ་བཀོད་མ་འབད་བས།
དེ་བཟུམ་སྦེ་ རྒྱལ་ཁབ་ཀྱི་ བསྐྱར་ཞིབ་ཚོགས་ཁང་སྦེ་ བྱ་སྒོ་སྒྲིག་མི་ རྒྱལ་ཡོངས་ཚོགས་སྡེའི་ གནས་ཡུན་ལོ་༥ དེ་ཡང་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ ཚང་ནི་ཨིན་རུང་ བཙག་འཐུ་འགྲུབ་མི་ འཐུས་མི་གསརཔ་ཚུ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ སྤྱི་ཟླ་༤ པའི་ཚེས་༢༩ ལུ་ ཡིག་ཚང་ནང་ འཛུལ་དགོཔ་ཨིན་པས།
ད་ལྟོ་ རྒྱལ་ཡོངས་ཚོགས་སྡེའི་ནང་ ཁྲི་འཛིན་གྱིས་གཙོས་པའི་ འཐུས་མི་༤ དང་ འབྲུག་མངའ་བདག་རྒྱལ་པོ་མཆོག་གིས་ བསྐོ་བཞག་གནང་མི་ ཁྱད་ལྡན་གྱི་མི་ངོ་༥ འབདཝ་ད་ འཐུས་མི་༩ ཡོདཔ་ད་ འཐུས་མི་གཞན་༡༦ དེ་ ལོ་ལྔའི་གནས་ཡུན་མ་ཚངམ་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ ལོག་དོ་འགྲན་འབད་ནིའི་དོན་ལུ་ དགོངས་ཞུ་འབད་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment