གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམོ་ཅུང་དམར་བསད་འབད་མི་ལུ་ ཞིབ་དཔྱད་འཕྲོ་མཐུད་འབད་བའི་བསྒང་ཡོདཔ།

༡༦/༠༤/༢༠༡༣  ༉ དགེ་ལེགས་ཕུག་དྲུང་ཁག་ རྡོ་ལོང་སྒང་ལུ་ སྐྱེས་ལོ་༡༣ ལང་མི་ སློབ་ཕྲུག་བུམོ་ཅིག་ དམར་བསད་འབད་དེ་ ཉིནམ་༥ དེ་ཅིག་ ལང་ཡོད་རུང་ ད་ལྟོ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འཕྲོ་མཐུད་ འབད་བའི་བསྒང་ ཡོདཔ་ཨིན་པས།


འཇིགས་མེད་གླིང་མི་སྡེ་སློབ་གྲྭ་ཆུང་བའི་ སློབ་རིམ་༥ པའི་སློབ་ཕྲུག་བུམོ་དེ་ སྤྱི་ཟླ་༤ པའི་ཚེས་༡༡ གི་དྲོ་པར་ མོ་ར་རྐྱངམ་གཅིག་སྦེ་ སློབ་གྲྭ་ནང་ འགྱོ་བའི་ལམ་ཁར་ དམར་བསད་འབད་ཡོདཔ་ཨིན་པས།
ཉམས་རྒུད་པའི་དཔྱལཝ་གུ་ རྨ་སྐྱོན་ཁག་༨ དེ་ཅིག་ བཏོན་ཡོདཔ་ད་ རྐྱེན་ངན་དེ་ གསར་སྤང་དང་ དགེ་ལེགས་ཕུག་གཞུང་ལམ་གྱི་ལྟག་ལུ་ ཀི་ལོ་མི་ཊར་ཕྱེད་དང་༢ དེ་ཅིག་གི་ས་ཁར་ ཚལ་མ་སྟུག་དྲགས་ཅིག་ནང་ མི་ཊར་༢༠ དེ་ཅིག་ འཐེན་འདྲུད་ཐོག་ལས་ བསད་ཡོདཔ་ཨིན་པས།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ཉམས་རྒུད་པའི་ གཟུགས་ཁའི་གྱོན་ཆས་ཚུ་ཡང་ ཕུད་ནུག་ཟེར་ཨིན་རུང་ གསོ་བའི་བརྟག་དཔྱད་ཀྱི་ གྲུབ་འབྲས་དང་འཁྲིལཝ་ད་ ཚེ་འདས་བུམོ་ཅུང་ལུ་ དབང་བཙོང་ལུས་འབྲེལ་འབད་བའི་ བདེན་རྟགས་ཚུ་ མ་བྱུང་ཟེར་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment