གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྡོས་སྒོར་རྩེད་འགྲན་ལས་རྒྱལ་ཁ་ཐོབ་མི་ ཆ་རོགས་ལྔ་གིས་ གསོལ་རས་དངུལ་ཀྲམ་༢༥,༠༠༠ ཐོབ་ཡོདཔ།

རྒྱལ་ཁ་ཐོབ་མི་ སྡེ་ཚན་ཚུ།
༡༦/༠༤/༢༠༡༦  ༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་ འོད་ཟེར་ལས་སྡེ་གིས་ རྒྱལ་ཁབ་ནང་ འགོ་དང་པ་ འགོ་འདྲེན་འཐབ་མི་ རང་ལུགས་ཀྱི་རྩེདམོ་ རྡོས་སྒོར་དེ་ མཇུག་བསྡུཝ་དང་འབྲེལ་ ཆ་རོགས་ལྔ་གིས་ རྒྱལ་ཁ་ཐོབ་ཅི།


དེ་ཡང་ རྩི་མ་གཤམ་དང་ ཆ་རོགས་ལྔ་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་རྩེད་འགྲན་འབད་བའི་སྐབས་ ཆ་རོགས་ལྔ་གིས་ སྐོར་ཐེངས་༥༠ འི་ནང་ སྐུགས་༡ ཆོད་ཡོད་རུང་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་ཆོད་མ་ཚུགས་པས།
ཆ་རོགས་ལྔ་སྡེ་ཚན་གྱིས་ སྐོར་ཐེངས་༡༥ འི་ནང་ སྐུགས་༦ ཐོབ་ད་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༡ ཡང་མེད་དེ་འབད་རུང་ སྐོར་ཐེངས་༢༠ འི་ནང་ སྐུགས་༣ ཐོབ་པའི་སྐབས་སུ་ ཆ་རོགས་ལྔ་གིས་ སྐུགས་ཐོབ་མ་ཚུགས་པར་ ལུས་སོཔ་ཨིན་པས།
ཨིན་རུང་ སྐོར་ཐེངས་༣༥ ནང་ ཆ་རོགས་ལྔ་གིས་ སྐུགས་གཅིག་ཐོབ་མི་དང་འབྲེལ་ སྐུགས་ཆོད་ནིའི་རྩིས་བསྡོམ་སྒྲིག་པའི་སྐབས་ རྩི་མ་གཤམ་གྱིས་ སྐུགས་༤ ཐོབ་ཅི།
ཆ་རོགས་ལྔ་སྡེ་ཚན་གྱིས་ ཨང་དང་པའི་དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༢༥,༠༠༠ ཡོདཔ་ད་ རྩི་མ་གཤམ་སྡེ་ཚན་གིས་ ཨང་༢ པའི་གསོལ་རས་ དངུལ་ཀྲམ་༡༥,༠༠༠ ཡོདཔ་ཨིན།
འོད་ཟེར་ལས་སྡེ་ལས་ ཚོང་བསྒྲགས་འགོ་དཔོན་བསོད་ནམས་ཆོས་སྐྱིད་ཀྱིས་ སླབ་མིའི་ནང་  སྔོན་དང་ཕུ་ལས་ དར་ཁྱབ་སོང་ཡོད་མི་ མདའ་དང་ རྡོས་སྒོར་༢ ཡོད་པའི་གྲས་ལས་ མདའ་དེ་ གཞུང་ཞབས་དང་ འབྲུག་རང་ལུགས་མདའ་རྩེད་ཚོགས་པའི་ཁ་ཐུག་ལས་ ལོ་བསྟར་བཞིན་དུ་ རྩེད་འགྲན་འགོ་འདྲེན་འཐབ་ཡོད་མི་དང་བསྟུན་ གོང་འཕེལ་སོང་ནུག་ཟེར་ཨིན་པས།
དེ་འབདཝ་ད་ རྡོས་སྒོར་དེ་ རང་ལུགས་ཀྱི་ལམ་སྲོལ་ཅིག་ཨིན་རུང་ ད་རེས་ནངས་པ་ རྒྱལ་ཁབ་ནང་ རྩེདམོ་རྩེ་ནི་དེ་ མེདཔ་བཟུམ་སྦེ་ མར་ཉམས་འགྱོ་དོ་ཡོདཔ་ལས་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་ཀྱི་དོན་ལུ་ སྒེར་སྡེ་གི་ཁ་ཐུག་ལས་ རྩ་འགེངས་ཏེ་ འགོ་འདྲེན་འཐབ་མི་ལུ་ གཞུང་དང་ འབྲེལ་ཡོད་ལྷན་ཁག་དང་ ལྷན་ཚོགས་ཚུ་གིས་ཡང་ རྒྱབ་སྐྱོར་གནང་དགོཔ་དེ་ ག་ནི་བ་གལ་ཆེཝ་སྦེ་ མཐོངམ་མས་ཟེར་ ཨིན་པའི་གནས་ཚུལ།

                                                                                        བཀྲིས་ཕུན་ཚོགས།

No comments:

Post a Comment