གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡང་འཕེལ་ལམ་ལུགས་ཐོག་ རང་ལུགས་སྤག་ཤིང་གི་མདའ་རྩེད་འགྲན་བསྡུར་ ཐེངས་དང་པ།

༡༧/༤/༢༠༡༣   ༉ དགེ་ལེགས་ཕུག་ལུ་ འདས་པའི་ལོ་ངོ་མང་རབས་ཅིག་གི་ནང་འཁོད་ནང་ འགོ་དང་པ་འགོ་འདྲེན་འཐབ་མི་ གཡང་འཕེལ་ལམ་ལུགས་ཐོག་ལས་ རང་ལུགས་སྤག་ཤིང་གི་ མདའ་རྩེད་འགྲན་བསྡུར་འབད་མི་དེ་ འདས་པའི་བདུན་མཐའི་ རེས་གཟའ་ཟླ་བ་ལུ་ མཇུག་བསྡུ་ནུག།
མདའ་རྩེདཔ་ཚུ་གིས་ དགའ་སྤྲོ་དང་བཅས་པའི་སྒོ་ལས་ བཀག་རེག་ཕོག་མི་ལུ་ མདའ་འཆམ་རྐྱབ་པའི་བསྒང་།


དེ་ཡང་ སྐོར་ཐེངས་༢༠ འབད་མི་ མཐའ་བཅད་འགྲན་བསྡུར་དེ་ ཤར་ཕྱོགསཔ་མཉམ་རོགས་དང་ ཀྲོང་གསར་ དེ་ལས་ ཞབས་ཏོག་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ སྡེ་ཚན་༣ གྱིས་ སྐུགས་༧ འབད་མི་ སྐུགས་རེ་རེ་ཆོད་མི་ལུ་བརྟེན་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ ལཱ་ཁག་རྐྱབ་ཡོད་རུང་ པེ་ནཱལ་ཊི་ཤུཊ་ཨའུཊ་ཟེར་ མདའ་ཡ་རེ་འབད་མི་ རྐྱབ་པའི་སྐབས་ ཞབས་ཏོག་སྡེ་ཚན་གྱིས་ ཨང་དང་པ་དང་ ཤར་ཕྱོགསཔ་མཉམ་རོགས་ཀྱིས་ ཨང་༢ པ་ དེ་ལས་ ཀྲོང་གསར་གྱིས་ ཨང་༣ པ་ཐོན་ཡོདཔ་ཨིན་པས།
སྤྱི་ཟླ་འདི་གི་ཚེས་༡ ལས་འགོ་བཙུགས་མི་ རྩེད་འགྲན་དེ་ནང་ དགེ་ལེགས་ཕུག་ཁྲོམ་ཁ་ལས་ སྡེ་ཚན་༡༡ དང་ ཕྱི་ཁ་ལས་ སྡེ་ཚན་༢ ཀྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
རྩེད་འགྲན་དེ་ཡང་ དགེ་ལེགས་ཕུག་ མདའ་རྩེད་ཚོགས་པ་གིས་ འགོ་འདྲེན་འཐབ་ཡོདཔ་ད་ མདའ་རྩེད་ཚོགས་པའི་མགྲིན་ཚབ་ཀྱིས་ ཀུན་གསལ་ལུ་བཤད་དོ་བཟུམ་འབད་བ་ཅིན་ རང་ལུགས་ཀྱི་ལམ་སྲོལ་གོང་འཕེལ་བཏང་ཐབས་ལུ་ ད་ལས་ཕར་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནིའི་འཆར་གཞི་ཡོད་ཟེར་ ཨིན་པའི་གནས་ཚུལ།

དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment