གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཏེར་ཁ་བཏོན་བཅུག་ནི་ཨིན་ན་མེན་ན་ མི་སེར་ཚུ་ལུ་ རག་ལས་ནི།

༡༥/༦/༢༠༡༣   ༉ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ བློན་ཆེན་བགྲེསཔ་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ ཧཱ་ལུ་ ཨོ་རྒྱན་རྡོ་རྗེ་འབྲིང་རིམ་སློབ་གྲྭ་གོང་མའི་ནང་སྦེ་ བསྐུལ་བསྒྲགས་འབད་བའི་སྐབས་ ཝང་རྩ་གི་ གཏེར་ཁའི་ལཱ་དེ་ འཕྲོ་མཐུད་འབད་བཅུག་ནི་ཨིན་ན་དང་ ཡང་ཅིན་ བཀག་བཞག་ནི་ཨིན་ན་ མི་སེར་ཚུ་གི་ ལག་པར་ཨིན་ཟེར་སླབ་ཅི།
འབྲུག་ཕུན་སུམ་ཚོགས་པ་གིས་ ཧཱ་ལུ་ བསྐུལ་བསྒྲགས་འབད་བའི་བསྒང་།


དེ་ཡང་ བཅའ་མར་གཏོགས་མི་ཅིག་གིས་ ད་རེས་ཁམས་ ཝང་རྩ་ལུ་ གཏེར་ཁ་གི་ ལཱ་འབད་ནིའི་དཔའ་བཅམ་མི་ལུ་བརྟེན་ བྱ་སྟབས་མ་བདེཝ་ ཐོན་ཡོད་པའི་སྐོར་ལས་ ཞུ་བ་འབད་མི་དང་འཁྲིལ་ཏེ་ སླབ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ དེ་གི་སྐོར་ལས་ གཞུང་ལུ་ཞུ་ནི་མ་གཏོགས་ གཞན་ག་དང་ཡང་ འཁྲིལ་དགོཔ་མེད་ཟེར་ཨིན་པས།
དམངས་གཙོའི་རིང་ལུགས་ནང་ མི་སེར་ལས་ལྷག་པའི་དབང་ཚད་ཅན་ ག་ཡང་མེད་ཟེར་ སླབ་ཡོདཔ་མ་ཚད་ ཝང་རྩ་གི་རི་དེ་ གཡུས་ཚན་ལས་ ཐག་རིང་སར་མེན་པའི་ཁར་ གཡུས་ཚན་གྱི་ སྦུག་ལུ་ཨིནམ་ལས་ ང་གིས་འབད་རུང་ འོས་འབབ་དང་ལྡན་ཏོག་ཏོ་ཅིག་ མི་མཐོང་པས་ཟེར་ གཙོ་འཛིན་གྱིས་སླབ་ཅི།
ས་གཏེར་ལུ་བརྟེན་ མི་སེར་ཚུ་ལུ་ འོང་འབབ་ག་དེ་སྦེ་ར་ འཐོབ་ཚུགས་རུང་ ཝང་རྩ་གི་ གཏེར་ཁ་བཟུམ་མའི་ ལཱ་འབད་ནི་ཚུ་ མ་འོངས་པ་ལུ་འབད་རུང་ སེམས་ཤུགས་བསྐྱེད་བཅུག་ནི་ མི་འོང་ཟེར་ཨིན་པས།
བློན་ཆེན་བགྲེསཔ་གིས་ དེ་བཟུམ་མའི་དཀའ་ངལ་ཚུ་ ཐིམ་ཕུ་ལུ་ གོ་མི་ཚུགས་དོ་ཡོདཔ་ལས་ ཧཱ་རྫོང་ཁག་ནང་ཡང་ བློན་ཆེན་ཡིག་ཚང་ཅིག་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
དེ་དང་གཅིག་ཁར་ མི་སེར་ལ་ལུ་ཅིག་གིས་ རྒྱལ་ཁབ་ནང་ གློག་མེའི་ཁྲལ་ ཡར་སེང་འབད་ཡོདཔ་སྦེ་ གོ་ཡོད་པའི་སྐོར་ལས་ དྲི་བ་བཀོད་པའི་སྐབས་ གཙོ་འཛིན་གྱིས་ ཁྲལ་སེང་སེངམ་མེན་པར་ སེང་ནིའི་གྲོས་འཆར་བཙུགས་ཡོདཔ་སྦེ་ ཁོ་གིས་ཡང་ གོ་ཡི་ཟེར་སླབ་ཡོདཔ་ད་ གྲོས་འཆར་དེ་ ཁྲིམས་དང་འགལ་འགལཝ་ཅིག་ ཨིན་མས་ཟེར་ སླབ་ཡོདཔ་ཨིན།
ཁོ་གིས་ དོགས་སེལ་འབད་མིའི་ནང་ གྲོས་འཆར་དེ་ འབྲུག་ཕུན་སུམ་ཚོགས་པའི་གཞུང་ དགོངས་ཞུ་མ་འབད་ཚུན་བསྒུགས་ཏེ་ གནས་སྐབས་ཀྱི་གཞུང་ལུ་ བཙུགས་ཡོདཔ་མ་ཚད་ དེ་གིས་ མི་སེར་རེ་རེ་བཞིན་དུ་ལུ་ གནོད་ནི་ཨིནམ་ལས་ དེ་ལུ་ ངོས་ལེན་རྩ་ལས་ར་ འབད་མི་ཚུགས་ནི་ཨིནམ་ལས་ ཚ་གྱང་ལང་མི་དགོ་ཟེར་ཨིན་པས།
འབྲུག་གློག་མེ་ལས་འཛིན་གྱི་ ཁྲལ་ཡར་སེང་གི་ཚད་གཞི་དེ་ཡང་ ད་ལྟོའི་ཁྲལ་གྱི་ ཚད་གཞི་དང་ཕྱདཔ་ད་ བཞི་ལྟབ་ཀྱིས་ ལྷག་དོ་ཡོདཔ་མ་ཚད་ ད་རེས་ཀྱི་ གནས་སྐབས་གཞུང་གིས་ གྲོས་ཐག་བཅད་ནིའི་ དབང་ཚད་ཡང་མེད་ཟེར་ ཁ་གསལ་སྦེ་སླབ་ཅི།
དེ་བཟུམ་སྦེ་ ཧཱ་གི་མི་སེར་ཚུ་གི་ རེ་འདོད་དང་འཁྲིལ་ ཧཱ་ལུ་འོང་མི་ ལྟ་བཤལཔ་ཚུ་གི་དོན་ལུ་ ད་རེས་འབད་བ་ཅིན་ ཆོག་ཐམ་ལོགས་སུ་སྦེ་ བཟོ་དགོཔ་ཡོད་མི་དེ་ཡང་ མི་སེར་ཚུ་ སོ་ནམ་གྱི་ལཱ་རྐྱངམ་གཅིག་འབད་དེ་ མགུ་འཐོན་ཚུགས་པར་ ལཱ་ཁག་རྐྱབ་ནི་ཨིནམ་ལས་ སྲིད་བྱུས་བསྒྱུར་བཅོས་འབད་དེ་ ལྟ་བཤལ་གྱི་ཕན་ཐོགས་ཚུ་ འབྱུང་ཚུགསཔ་བཟོ་འོང་ཟེར་ སླབ་ཡོདཔ་ཨིན།
བསྐུལ་བསྒྲགས་དེ་ཡང་ སྦྱིས་-དཀར་ཚོ་-དབུས་སུ་-འདེམས་ཁོངས་ཀྱི་དོན་ལུ་ ཨོ་རྒྱན་རྡོ་རྗེ་འབྲིང་རིམ་སློབ་གྲྭ་གོང་མའི་ སྤྱི་དོན་ཁང་ནང་དང་ གསང་སྦས་འདེམས་ཁོངས་ཀྱི་དོན་ལུ་ བྱེང་ཀ་ནང་སློབ་གྲྭ་ཆུང་བའི་ སྤྱི་དོན་ཁང་ནང་སྦེ་ འགོ་འདྲེན་འཐབ་ཅི།
བསྐུལ་བསྒྲགས་ཀྱི་སྐབས་ མི་སེར་ཚུ་དང་ དྲི་བཀོད་ཀྱི་ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་ཡོདཔ་ཨིན་རུང་ གསང་སྦས་འདེམས་ཁོངས་ནང་ དྲི་བ་བཀོད་མི་ ཕུད་རྡོག་གཅིག་ཡང་མ་ཐོན།
དེ་བཟུམ་སྦེ་ མི་སེར་ཚུ་གིས་ དྲི་བཀོད་འབད་མི་དང་འཁྲིལ་ རྒྱལ་ཁབ་ཀྱི་ རུ་པིའི་དཀའ་ངལ་དང་ བུ་ལོན་ཚུ་གི་སྐོར་ལས་ཡང་ དོགས་སེལ་འབད་ཡོདཔ་མ་ཚད་ ཁོ་ར་ལུ་ མི་ལ་ལུ་ཅིག་གིས་ ཤར་ཕྱོགས་པའི་བློན་ཆེན་ཟེར་ སླབ་དོ་ཡོད་མི་ལུ་ཡང་ དོགས་སེལ་འབད་ཡི།
གཙོ་འཛིན་གྱིས་འབད་བ་ཅིན་ ཁོ་རའི་མི་བརྒྱུད་ཚུ་ སྤུ་ན་ཁ་དང་ པདྨ་དགའ་ཚལ་ དབང་འདུས་ཕོ་བྲང་ བུམ་ཐང་ སྤ་རོ་ལ་སོགས་པའི་ ས་གནས་ཚུ་ནང་ ཡོད་མི་ལུ་བརྟེན་ ད་རེས་ཁོ་ར་ སྤྱིར་བཏང་འབྲུགཔ་ཨིནམ་མ་གཏོགས་ རྫོང་ཁག་འ་ན་ལས་ཨིན་ཟེར་ སླབ་ནི་མེད་ཟེར་ཨིནམ་མ་ཚད་ འབྲུག་རྒྱལ་ཁབ་ཀྱི་ བློན་ཆེན་ཨིན་ཟེར་ སླབ་ཡོདཔ་ཨིན།
དེ་ལས་ ཕྱི་རུ་ཁམས་ ཐིམ་ཕུ་ལུ་ ལོག་འོང་པའི་ལམ་ཁར་ ཝ་ན་ཁ་འབྲིང་རིམ་སློབ་གྲྭ་འོག་མའི་ནང་སྦེ་ སྤ་རོ་ རྡོ་སྒར་-ཤར་པ་འདེམས་ཁོངས་ཀྱི་ མི་སེར་ཚུ་དང་ཕྱད་ཡོདཔ་བཞིན་དུ་ དེ་ནང་ མི་སེར་ལེ་ཤ་ཅིག་གིས་ ཁོང་རའི་སྐྱིད་སྡུག་དང་ བྱ་སྟབས་མ་བེདཝ་ ཡོད་མི་ཚུ་གི་སྐོར་ལས་ ཞུ་བ་འབད་ཡོདཔ་ཨིན།
ད་རིས་ གཙོ་འཛིན་གྱིས་ སྤུ་ན་ཁ་ལུ་སོང་སྟེ་ བསྐུལ་བསྒྲགས་ཚུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment